ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་དང་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་གཉིས་ཀྱིས་ཁ་པར་བཏང་ནས་མཉམ་འབྲེལ་སྒོས་རིམས་འགོག་བྱེད་པའི་གནད་དོན་ཐད་ནས་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལིས་ཧྥུའུ་དང་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་སྒོས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་དང་རྒྱལ་སྤྱིའི་གནད་དོན་གཙོ་བོའི་ཐད་ནས་གྲོས་སྡུར་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་བྱེད་རྒྱུ་ནི་དབྱི་ལིང་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ཡིན་ལ། ལཱ་ཧྥུའུ་ལུའོ་ཧྥུའུ་དང་ཀྲ་ལིས་ཧྥུའུ་གཉིས་ཀྱིས་མིག་སྔའི་པྲོག་གསར་གློ་ཚད་ཀྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་མ་ཟད། རྒྱལ་ཁབ་ག་ཉིས་ཀྱིས་རིམས་འགོག་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་པ་ནན་གྱིས་བསྟན། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་མཐའ་གཅིག་ཏུ་ཁྲིམས་འགལ་ཕྱོགས་གཅིག་བཀག་སྡོམ་ལ་ངོ་རྒོལ་དང་རིམས་འགོག་སྨན་རྫས་དང་འཚོ་བའི་ཉེར་མཁོ་སྤྱོད་རྫས་སོགས་ཀྱི་མཁོ་འདོན་ལ་བཀག་སྡོམ་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད་ཟེར།

སྤྱི་བསྒྲགས་ནང་བཤད་རྒྱུར། ལཱ་ཧྥུའུ་ལུའོ་ཧྥུའུ་དང་ཀྲ་ལིས་ཧྥུའུ་གཉིས་ཀྱིས་ད་དུང་ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་གཞི་ཆེས་གསར་བ་ལྟར་ཡེ་མིན་གྱི་ཉེན་ཁ་ཐག་གཅོད་པའི་མདུན་ལྗོངས་ལ་གྲོས་སྡུར་བྱས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།