ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིས་དབྱིན་པང་དུང་ཕྱུར་གཉིས་བཏང་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་བྱ་རྒྱུའི་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས12ཉིན། དབྱིན་ཇི་སྲིད་གཞུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་དེ་བཞིན་རྒྱལ་སྤྱིའི་སྲིད་གཞུང་མིན་པའི་རྩ་འཛུགས། དབྱིན་ཇིའི་དགེ་སྒྲུབ་སྒྲིག་གཞིར་དབྱིན་སྒོར་དུང་ཕྱུར2(མི་དམངས་ཤོག་སྒོར་དུང་ཕྱུར17.51ཙམ)ཞལ་འདེབས་སུ་ཕུལ་ནས། རྒྱལ་ཁབ་དབུལ་པོར་པྲོག་དབྱིབས་ནད་དུག་གསར་པ་མཆེད་པ་བཀག་འགོག་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། དབྱིན་ཇིར་རིམས་ནད་ཀྱི་རླབས་རྒྱུན་ཐེངས་གཉིས་པ་མི་ཐོན་པར་སྔོན་འགོག་བྱ་རྒྱུའི་ཁས་ལེན་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།