ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ལ་པྲོག་གསར་རིམས་ནད་ལས་འདས་པའི་ནད་པ་ཁྲི་གཅིག་དང་སྟོང་བཞི་སུམ་བརྒྱ་གོ་གསུམ་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་སྤྱི་པའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་གཉིས་ཉིན་གསལ་ བསྒྲགས་སྤེལ་བའི་གཞི་གྲངས་ལས་མངོན་ལྟར་ན། ཧྥ་རན་སིའི་པྲོག་གསར་རིམས་ནད་ལས་འདས་པའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་བཞི་སུམ་བརྒྱ་གོ་གསུམ་ལ་འཕར་ཡོད་ཅིང་། དེའི་ནང་སྨན་ཁང་དུ་ཤི་བའི་ནད་པ་སྟོང་དགུ་དང་ཉིས་བརྒྱ་ང་གསུམ་ཡོད་ལ། རང་མགོ་མི་ཐོན་པའི་ལོ་ལོན་རྒན་གྲས་ཚུད་པའི་རྒན་གསོ་ཁང་ནས་ཤི་བའི་ནད་པ་སྟོང་ལྔ་དང་བརྒྱ་བཞི་བཅུ་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན།མིག་སྔར་ཧྥ་རན་སིའི་པྲོག་གསར་རིམས་ནད་ཕོག་པའི་ནད་པ་ཁྲི་གསུམ་དང་སྟོང་གཅིག་བརྒྱད་བརྒྱ་ཉེར་དྲུག་གིས་ སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཅིང་།དེའི་ནང་མི་སྟོང་དྲུག་བརྒྱད་བརྒྱ་ཞེ་ལྔས་ནད་གཞི་ཚབས་ཆེན་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།རིམས་ནད་ཚབས་ཆེན་ཕོག་པའི་ནད་པ་སྔ་ཉིན་ལས་མི་སོ་བརྒྱད་ཀྱིས་ཇེ་ཉུང་དུ་ཕྱིན་ཡོད།

གཞན་ཡང་ཧྥ་རན་སིའི་སྨན་ཁང་གིས་རིམ་རྩིས་བྱས་ན།  ནད་རྟགས་ངོས་འཛིན་བྱས་པའི་ནད་པ་ཁྲི་ལྔ་དང་སྟོང་བཞི་བཞི་བརྒྱ་དང་གསུམ་ཡོད་ཅིང་། འདས་པའི་ཆུ་ཚོད་ཉེར་བཞིའི་ནང་ནད་པ་སྟོང་གཅིག་དང་དྲུག་བརྒྱ་བཅུ་གསུམ་གྱིས་ཇེ་མང་དུ་སོང་ཡོད་པ་དང་།རང་ལྕོགས་མི་ཐུབ་པའི་རྒན་རྒོན་རྒན་གསོ་ཁང་ཚུད་པའི་སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིའི་ནང་ནད་རྟགས་ངོས་འཛིན་བྱས་པའམ་ཡང་ན་ནད་རྟགས་འདྲ་བའི་ནད་པ་རིམ་རྩིས་བྱས་ན37188ཟིན་པ་དེ་ཉིན་སྔོན་མ་དང་བསྡུར་ན་ནད་པ1324མང་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།