ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཏེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཨ་མེ་རི་ཁ་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁི་གཉིས་ལས་བརྒལ་ཏེ་ཁྲི་གཉིས་དང་དོན་གཅིག་ཏུ་བསླེབ་ཡོད་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་ཆེས་མང་བའི་ཀྲིག་ནི་ཉིག་ཡོ་ཀྲིག་ཡིན་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བརྒྱད་དང་དྲུག་བརྒྱ་ཉེར་བདུན་ལ་བསླེབ་ཡོད། དེའི་ནང་ཉིག་ཡོ་གྲོང་ཁྱེར་དུ་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་དྲུག་དང་སུམ་བརྒྱ་རེ་བདུན་ཡོད། དེ་ལས་གཞན་ཞིན་ཙེ་ཞི་ཀྲིག་ཏུ་ནད་པ་སྟོང་གཉིས་དང་བརྒྱ་དང་གྱ་གསུམ་རྐྱེན་ལམ་དུ་ཤོར། མུས་ཞེ་ཀིན་ཀྲིག་ཏུ་ནད་པ་སྟོང་གཅིག་དང་ཉིས་བརྒྱ་དོན་དྲུག་རྐྱེན་ལམ་དུ་ཤོར། ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་ལྔ་དང་ཁྲི་གཅིག་སྟོང་དགུ་བཞི་བརྒྱ་ང་གསུམ་དུ་བསླེབ་ཡོད།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།