ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཡ་མེ་ཉི་ཡའི་རིམས་འགོག་རོགས་སྐྱོར་དངོས་ཟོག་ཨེ་ལི་ཝུན་དུ་འབྱོར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

 ཟླ4བའི་ཚེས8ཉིན་གྱི་དགོང་མོར། ཡ་མེ་ཉི་ཡའི་རྒྱལ་ས་ཨེ་ལི་ཝུན་ཚི་ཝར་ཐེ་ནུའོ་ཚི་གནམ་གྲུ་ཐང་དུ་ལས་དོན་མི་སྣས་གནམ་གྲུའི་ཐོག་ནས་ཀྲུང་གོས་ཡ་མེ་ཉི་ཡར་རིམས་ནད་འགོག་བཅོས་རོགས་སྐྱོར་བྱས་པའི་དངོས་ཟོག་ལེན་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས8ཉིན་གྱི་དགོང་མོར། ཡ་མེ་ཉི་ཡའི་རྒྱལ་ས་ཨེ་ལི་ཝུན་ཚི་ཝར་ཐེ་ནུའོ་ཚི་གནམ་གྲུ་ཐང་དུ་ལས་དོན་མི་སྣས་གནམ་གྲུའི་ཐོག་ནས་ཀྲུང་གོས་ཡ་མེ་ཉི་ཡར་རིམས་ནད་འགོག་བཅོས་རོགས་སྐྱོར་བྱས་པའི་དངོས་ཟོག་བླངས། ཀྲུང་གོས་ཡ་མེ་ཉི་ཡའི་རོགས་སྐྱོར་བྱས་པའི་དངོས་ཟོག་ཁག་གཅིག་ཚེས8ཉིན་གྱི་དགུང་མོ་ཨེ་ལི་ཝུན་ཚི་ཝར་ཐེ་ནུའོ་ཚི་གནམ་གྲུ་ཐང་དུ་འབྱོར་ཞིང་། ཀྲུང་གོར་བཅའ་སྡོད་བྱེད་པའི་ཡ་མེ་ཉི་ཡའི་གཞུང་ཚབ་ཆེ་མོ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་ཞལ་འདེབས་བརྒྱབ་པའི་སྨན་བཅོས་དངོས་ཟོག་དེ་དག་ཡ་མེ་ཉི་ཡའི་སྲིད་གཞུང་གི་དབྱི་ཨར—76སྐྱེལ་འདྲེན་གནམ་གྲུ་ཞིག་ཀྲུང་གོ་ནས་ཨེ་ལི་ཝུན་དུ་འབྱོར་ནས། གཙོ་བོ་ཡ་མེ་ཉི་ཡའི་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ལ་མཁོ་བའི་སྨན་སྤྱོད་ཁ་ཐུམ་དང་། འགོག་སྲུང་གྱོན་ཆས། དབུགས་ལེན་འཕྲུལ་འཁོར་སོགས་དངོས་རྫས་ཡིན་པ་རེད། གནམ་གྲུ་དེ་ནང་ད་དུང་ཡ་མེ་ཉི་ཡའི་སྲིད་གཞུང་གིས་ཀྲུང་གོར་ཉོ་སྒྲུབ་བྱས་པའི་ཞིབ་དཔྱད་ཚད་ལེན་ཚོད་ལྟའི་སྨན་རྫས་དང་། སྨན་སྤྱོད་ཁ་ཐུམ། མིག་སྲུང་ཤེལ་སོགས་རིམས་འགོག་དངོས་ཟོག་ཡོད་པ་རེད།

1.jpg

 ཟླ4བའི་ཚེས8ཉིན་གྱི་དགོང་མོར། ཡ་མེ་ཉི་ཡའི་རྒྱལ་ས་ཨེ་ལི་ཝུན་ཚི་ཝར་ཐེ་ནུའོ་ཚི་གནམ་གྲུ་ཐང་དུ་ལས་དོན་མི་སྣས་གནམ་གྲུའི་ཐོག་ནས་ཀྲུང་གོས་ཡ་མེ་ཉི་ཡར་རིམས་ནད་འགོག་བཅོས་རོགས་སྐྱོར་བྱས་པའི་དངོས་ཟོག་ལེན་བཞིན་པ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།