ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས6ཉིན། དབྱི་རག་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་གྱི་གྲངས་ཀ་ལྟར་ན། དབྱི་རག་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་ལས་བརྒལ།

དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བསྟན་དོན། དབྱི་རག་རྒྱལ་ཁབ་ཏུ་འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ་ངོས་འཛིན་བྱས་པའི་ནད་པ་བདུན་ཅུ་ཇེ་མང་ལ་སོང་ཞིང་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་སོ་གཅིག་ལ་སླེབས་པ་དང་ནད་པ་གསུམ་རྐྱེན་ལམ་དུ་ཤོར། སྡོམ་པས་ནད་པ་རེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། སྡོམ་པས་ནད་པ་སུམ་བརྒྱ་དང་ཞེ་བཞི་དྲག་སོང་།

རིམས་ནད་འགོག་སྡོམ་བྱེད་སྐབས། དབྱི་རག་སྲིད་གཞུང་གིས་སློབ་གྲྭའི་སློབ་ཁྲིད་དང་གཅིག་བསྡུས་རང་བཞིན་གྱི་བྱ་འགུལ་མཚམས་འཇོག་པ་དང་། རྒྱལ་ཁབ་ཁ་ཤས་ཀྱི་སྤྱི་དམངས་ནང་ལ་ཡོང་བ་གཏན་འགོག་བྱེད་པ། མཁའ་འགྲུལ་འཕུར་མཚམས་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་པར་མ་ཟད་རྒྱལ་ཡོངས་སུ་མཚན་མགྲོན་འགོག་པའི་དུས་ཡུན་ཟླ་བཞི་བའི་ཚེས་བཅུ་དགུ་བར་ཡིན་པར་ཐག་བཅད།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།