ཀྲུང་གོ་བོད་ཀྱི་དྲ་བ།

སེ་ནེ་ཀལ་གྱིས་རྒྱལ་ཁབ་བྲེལ་མྱུར་དོགས་ཟོན་གྱི་ཡུན་ཚད་ཇེ་རིང་དུ་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱེད་ཆེད། སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ཡིས་ཚེས་བཞི་ཉིན་གྱི་དགོང་མོར་ཙུང་ཐུང་བཀའ་རྒྱ་ཁྱབ་སྒྲོག་བྱས་ཏེ། སེ་ནེ་ཀལ་གྱིས་རྒྱལ་ཁབ་བྲེལ་མྱུར་དོགས་ཟོན་དང་མཚན་མགྲོན་འགོག་པའི་ཡུན་ཚད་ཉིན་སུམ་ཅུས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར། 

སེ་ནེ་ཀལ་གྱིས་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་ནམ་གུང་ནས་བཟུང་རྒྱལ་ཁབ་བྲེལ་མྱུར་དོགས་ཟོན་མཐོར་འདེགས་བཏང་སྟེ་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱེད་མགོ་བརྩམས། སེ་ནེ་ཀལ་གྱི་རྩ་ཁྲིམས་ལྟར་ན། རྒྱལ་ཁབ་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པའི་ཡུན་ཚད་ཉིན་བཅུ་གཉིས་ཡིན་པ་དང་། གལ་ཏེ་ཡུན་ཚད་ཇེ་རིང་དུ་གཏོང་དགོས་ན་ངེས་པར་དུ་རྒྱལ་དམངས་གྲོས་ཁང་གི་ཆོག་མཆན་ཐོབ་དགོས། ཟླ་བཞི་བའི་ཚེས་གཅིག་ཉིན། སེ་ནེ་ཀལ་རྒྱལ་དམངས་གྲོས་ཁང་གིས་འདེམ་ཤོག་འཕངས་ཏེ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་ནས། ཙུང་ཐུང་གིས་གྲོས་ཁང་གིས་འདེམ་ཤོག་འཕངས་ནས་ཡིད་འཐད་མ་བྱུང་བའི་གནས་ཚུལ་འོག་ཐད་ཀར་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དང་འབྲེལ་བའི་བཅའ་ཁྲིམས་བཀའ་རྒྱ་འདོན་ཆོག་པའི་དབང་ཆ་བསྩལ། 

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དབང་གིས་ཚེས་བཞི་ཉིན་སྤེལ་བར་གཏན་འཁེལ་བྱས་པའི་ཡོད་སེ་ནེ་ཀལ་རང་བཙན་བྱས་ནས་ལོ་ངོ་དྲུག་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་རྩིས་མེད་དུ་བཏང་། 

ཚེས་བཞི་ཉིན་བར། སེ་ནེ་ཀལ་དུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཉིས་བརྒྱ་དང་བཅུ་དགུ་ཡོད་པ་དང་། ནད་པ་གཉིས་རྐྱེན་ལམ་དུ་ཤོར་ལ། ནད་པ་དོན་གཉིས་དྲག་སྐྱེད་བྱུང་།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།