ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་སི་རི་ཡཱ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གཉིས་ཀྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་ཁ་པར་བརྒྱུད་དེ་སི་རི་ཡཱ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

བསྒྲགས་པའི་སྤྱི་སྒྲོག་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་ནི་ཐུར་ཁེ་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་རེད། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཟླ་གསུམ་པའི་ཚེས་ལྔ་ཉིན་ཕྱོགས་གཉིས་ཀྱིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་ཚུན་གྱི་སི་རི་ཡཱའི་གནས་བབ་དང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱས་པའི་གནས་ཚུལ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ལི་པུ་ཡཱའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གཙོ་བོ་ཨུ་རུ་སི་དང་ཐུར་ཁེའི་འབྲེལ་བའི་འཕེལ་རྒྱས་གནད་དོན་དང་། ཁྱད་པར་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གནད་དོན་ལ་ཤུགས་སྣོན་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། ལི་པུ་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཕན་ཚུན་ལ་རང་རང་རྒྱལ་ཁབ་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་སྐབས་སྤྱད་པའི་བྱེད་ཐབས་སྙན་ཞུ་བྱས་པ་དང་། གཙོ་བོ་ཐུར་ཁེ་རུ་བསྡད་ཡོད་པའི་ཨུ་རུ་སིའི་སྤྱི་དམངས་དག་རྒྱལ་ནང་དུ་ལོག་པའི་གནད་དོན་གཙོ་བོར་བཟུང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།