ཀྲུང་གོ་བོད་ཀྱི་དྲ་བ།

ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་བར་གྲོས་མོལ་བྱེད་རྒྱུ་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཚེས་ཉེར་བརྒྱད་ཉིན་ཨ་ཧྥུའུ་ཧན་གྱི་སྲིད་གཞུང་འཐུས་ཚབ་ཚོགས་པའི་བར་གྲོས་མོལ་བྱེད་རྒྱུ་ཁས་ལེན་མ་བྱས་པ་དང་། རྒྱུ་མཚན་ནི་ཨ་ཧྥུའུ་ཧན་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་ནི་བཟོད་སྒོམ་རང་བཞིན་ལྡན་པའི་ཚོགས་ཁག་ཅིག་མིན་པས་རེད་ཟེར། 

ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ངེས་པ་དོན་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་དགོས་ན། ཨ་ཧྥུའུ་ཧན་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་བཙུགས་གྲུབ་ལ་འབྲེལ་ཡོད་ཕྱོགས་སོ་སོ་ཡིད་འཐད་འབྱུང་དགོས། ང་ཚོས་རང་གི་གྲོས་མཐུན་དང་འཚམ་ཞིང་སྔར་གྱི་རྩ་དོན་གཞིར་བཟུང་ནས་བཙུགས་པའི་གྲོས་མོལ་འཐུས་ཚབ་ཚོགས་པ་ཞིག་ལ་གྲོས་མོལ་བྱེད་འདོད་ཡོད་ཟེར། 

མུའུ་ཅཱ་ཞེ་ཏིའི་བཤད་ཚུལ་ལྟར་ན། ཨ་ཧྥུའུ་ཧན་ནང་ཁུལ་གྱི་གྲོས་མོལ་ཕྱོགས་ཁག་མང་བོས་ཨ་ཧྥུའུ་ཧན་གྱིས་རྩ་འཛུགས་བྱས་པའི་འཐུས་ཚབ་ཚོགས་པར་ངོ་རྒོལ་བྱེད་བཞིན་ཡོད་པ་རེད། 

ཨ་ཧྥུའུ་ཧན་གྱི་ཞི་བདེ་ལས་དོན་པུའུ་ཡི་མགྲིན་ཚབ་པ་ཨན་ཝ་ལི་ཡིས་བཤད་རྒྱུར། སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་བཙུགས་གྲུབ་ཐད་སྤྱི་ཚོགས་སུ་གྲོས་མོལ་རྒྱ་ཆེར་སྤེལ་བ་དང་། ཐཱ་ལེ་པན་གྱི་ལངས་ཕྱོགས་འོས་འཚམ་མིན་ཟེར། 

ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཐཱ་ལེ་པན་གྱིས་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་བར་གྲོས་མོལ་བྱེད་པ་ཁས་ལེན་མ་བྱས་པ་དང་། དེ་ལས་ཨ་མེ་རི་ཁས་ཐཱ་ལེ་པན་དང་ཨ་ཧྥུའུ་ཧན་སྲིད་གཞུང་བར་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བར་བཀག་རྒྱ་བཟོས་ཡོད་ཟེར། 

ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་མགོ་བརྩམས་ཡོད་ཀྱང་། ཨ་ཧྥུའུ་ཧན་ཆབ་སྲིད་ལས་རིགས་ཀྱི་འགལ་བ་དང་། ཨ་ཧྥུའུ་ཧན་དང་ཐཱ་ལེ་པན་གྱི་བཙོན་མ་ཕྱིར་གཏོང་བ་དང་འབྲེལ་བའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སྐོར་གྱི་འགལ་བའི་དབང་གིས། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་བར་གྱི་ཐད་ཀར་གྲོས་མོལ་ད་ལྟའི་བར་མངོན་འགྱུར་བྱུང་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།