ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་མེ་རི་ཁར་ཁ་ཐུམ་འབུམ་གཉིས་དང་ཁྲི་ལྔ་ཞལ་འདེབས་སུ་འབུལ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2020-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་མེ་རི་ཁར་ཁ་ཐུམ་འབུམ་གཉིས་དང་ཁྲི་ལྔ་ཞལ་འདེབས་སུ་འབུལ་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་ཉར་འཇོག་བྱས་ཡོད་པ་དང་གནས་སྐབས་སུ་བཀོལ་ས་མེད་པའི་ཁ་ཐུམ་འབུམ་གཉིས་དང་ཁྲི་ལྔ་ཨ་མེ་རི་ཁར་ཞལ་འདེབས་སུ་ཕུལ་ཏེ། ལས་ཡུལ་དང་པོར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་བཞིན་པའི་ཉིག་ཡོ་གྲོང་ཁྱེར་གྱི་སྨན་བཅོས་མི་སྣར་རོགས་རམ་བྱེད་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིག་ཡོ་ཡིས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་ཡིན་ཟེར། ཉིག་ཡོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་སྡོད་ས་ཡིན་པར་མ་ཟད། གསོན་ཤུགས་ཀྱིས་ཁེངས་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་མི་རྣམས་ཀྱིས་གནས་འདིར་བརྗེ་རེས་དཔྱད་གླེང་དང་། ཉོ་ཚོང་བྱ་འགུལ་སྤེལ་ཏེ་རྒྱལ་ཁར་བརྩོན་བཞིན་ཡོད་ཟེར། 

ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པའི་ལས་བྱེད་མི་སྣས་ཉིག་ཡོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞུང་སྒྲུབ་ཁང་ནས་ཁ་ཐུམ་བརྒྱུད་སྤྲོད་བྱེད་པའི་བྱ་བར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།