ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་འབུམ་གཉིས་དང་ཁྲི་ལྔ་སྟོང་གཅིག་སུམ་བརྒྱ་ཉེར་དགུར་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གསུམ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཉིས་དང་ཁྲི་ལྔ་སྟོང་གཅིག་སུམ་བརྒྱ་ཉེར་དགུར་བསླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ང་དགུའི་བར། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་བཞི་དང་དྲུག་བརྒྱ་གྱ་ལྔ་ཡིན་པ་དང་། བསྡོམས་པས་འབུམ་གཉིས་དང་ཁྲི་ལྔ་དང་སྟོང་གཅིག་སུམ་བརྒྱ་ཉེར་དགུར་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཅིག་དང་བདུན་བརྒྱ་བཅོ་བརྒྱད་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་སོ་བཞིར་བསླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བཞི་དང་བདུན་བརྒྱ་གྱ་བརྒྱད་འཕར་ཡོད་ལ། བསྡོམས་པས་འབུམ་གསུམ་དང་ཁྲི་གསུམ་སྟོང་གཉིས་དགུ་བརྒྱ་སུམ་ཅུར་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཅིག་དང་བདུན་བརྒྱ་ཉེར་བདུན་འཕར་ནས། བསྡོམས་པས་ཁྲི་གཅིག་དང་སྟོང་བཞི་ལྔ་བརྒྱ་བཅུར་བསླེབ་ཡོད་ཟེར།

འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ། རྒྱལ་ཁབ་གསུམ་གྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཐོག་མར་བྱུང་བ་སྙན་ཞུ་བྱས། སོ་སོ་ནི་སི་རི་ཡཱ་དང་ཀི་ལིན་ནཱ་ཏཱ། མའོ་སིང་པུས་ཁི་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།