ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་འབུམ་གསུམ་ལས་བརྒལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཨ་མེ་རི་ཁའི་ཡོ་ཧན་སི་ཧའོ་ཅིན་ཕུའུ་སི་སློབ་ཆེན་གྱིས་སྤེལ་བའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར། འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་འབུམ་གསུམ་ལས་བརྒལ་བ་དང་། བསྡོམས་པས་འབུམ་གསུམ་དང་སྟོང་གསུམ་བརྒྱ་བརྒྱད་ཅུར་བསླེབ་ཡོད་ལ། འཛམ་གླིང་ཡོངས་སུ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་དགུ་བརྒྱ་ལྔ་བཅུར་བསླེབ་ཡོད་ཟེར། 

གཞི་གྲངས་ལྟར་ན། ཀྲུང་མ་གཏོགས་པའི་ནད་པ་ཁྲི་ལས་བརྒལ་བའི་རྒྱལ་ཁབ་ལ་དབྱི་ཐཱ་ལེ་དང་། སི་ཕན། ཨ་མེ་རི་ཁ། འཇར་མན། དབྱི་ལིང་། ཧྥ་རན་སི་བཅས་ཡོད། 

གཞི་གྲངས་དེ་ནི་ཨ་མེ་རི་ཁའི་ཡོ་ཧན་སི་ཧའོ་ཅིན་ཕུའུ་སི་སློབ་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་སྤྱི་བསྡོམས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།