ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཡོ་རོབ་གླིང་དང་ཨེ་ཤ་ཡཱ་དང་ཨེ་ཤ་ཡཱ་ལྷོ་མ་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཀྱི་བརྙན་རིས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་འགློག་འཕྲིན་ལྟར་ན། ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན། ཀི་ལུའུ་ཅི་ཡཱའི་རྒྱལ་ས་ཏིས་པུས་ལེ་སི་ནས། གྲོས་ཞུགས་མི་སྣ་དག་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཀྱི་བརྙན་རིས་གྲོས་ཚོགས་ལ་ཞུགས། 

ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན། ཀི་ལུའུ་ཅི་ཡཱའི་རྒྱལ་ས་ཏིས་པུས་ལེ་སི་ནས། གྲོས་ཞུགས་མི་སྣ་དག་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཀྱི་བརྙན་རིས་གྲོས་ཚོགས་ལ་ཞུགས། 

ཀྲུང་གོས་ཡོ་རོབ་གླིང་དང་ཨེ་ཤ་ཡཱ་དང་ཨེ་ཤ་ཡཱ་ལྷོ་མ་ས་ཁུལ་གྱི་རྒྱལ་ཁབ་བཅུ་དགུའི་བར་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཀྱི་བརྙན་རིས་གྲོས་ཚོགས་ཚེས་ཉི་ཤུའི་ཉིན་བསྡུས།
ཀི་ལུའུ་ཅི་ཡཱ་དང་ཨེ་མེ་ནི་ཡཱ། ཨ་སེད་པེད་ཅང་། ཝུའུ་ཁི་ལན། ཨ་ཧྥུའུ་ཧན་སོགས་ཡོ་རོབ་གླིང་དང་ཨེ་ཤ་ཡཱ། ཨེ་ཤ་ཡཱ་ལྷོ་མ་ས་ཁུལ་གྱི་རྒྱལ་ཁབ་བཅུ་དགུའི་སྲིད་གཞུང་གི་དཔོན་རིགས་དང་འཕྲོད་བསྟེན་ཆེད་མཁས་པ། དེ་མིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཏུ་སྡོད་པའི་འཐུས་མི་སོགས་མི་ཉིས་བརྒྱ་ཙམ་གྲོས་ཚོགས་ལ་ཞུགས། 

བརྙན་རིས་གྲོས་ཚོགས་སྟེང་། ཀྲུང་གོའི་ཕྱོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་གསར་བ་མཚམས་སྦྱོར་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམ་དང་བཀོད་སྒྲིག་འོག ཀྲུང་གོའི་མི་དམངས་དང་སྲིད་གཞུང་གིས་ཕྱོགས་ཡོངས་ཀྱི་འགོག་སྲུང་བྱེད་ཐབས་ནན་མོ་ལག་བསྟར་བྱས། མིག་སྔར་ཀྲུང་གོའི་མངའ་ཁོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གནས་བབ་བསྟུད་མར་ཇེ་བཟང་ཏུ་འགྲོ་བཞིན་ཡོད་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཡང་མྱུར་མོར་སླར་གསོ་འབྱུང་བཞིན་ཡོད་པ་ནན་བཤད་བྱས། 

ཀྲུང་གོའི་ཕྱོགས་ཀྱིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་བཟུང་ཞིང་། ཡོངས་བསྒྲགས་དང་མངོན་གསལ། འགན་ཁུར་བའི་རྣམ་འགྱུར་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྒོས་སྤེལ་བཞིན་ཡོད། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་རོགས་ལས་བྱེད་དགོས་པས། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཕན་ཚུན་རོགས་འདེགས་དང་། དཀའ་སྡུག་མཉམ་མྱོང་གི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ས་ཁུལ་གྱི་རྒྱལ་ཁབ་དག་གི་བར་མཉམ་དུ་འབད་བརྩོན་བྱས་ནས་སའི་གོ་ལའི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

ཕྱོགས་སོ་སོའི་འཐུས་མིས་ཀྲུང་གོས་སྤྱད་པའི་ནུས་ལྡན་གྱི་འགོག་བཅོས་ཚོད་འཛིན་བྱེད་ཐབས་ལས་འཛམ་གླིང་གི་སྤྱི་བའི་འཕྲོད་བསྟེན་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོས་དུས་ལྟར་ཐེངས་འདིའི་གྲོས་ཚོགས་སྤེལ་བར་བཀའ་དྲིན་ཞུས། གྲོས་ཚོགས་དེར་དམིགས་སའི་རང་བཞིན་དྲག་པོ་ཡོད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནད་འགག་གི་དུས་རིམ་དུ་གནས་པའི་ས་ཁུལ་དང་རྒྱལ་ཁབ་དག་གིས་རིམས་འགོག་བྱ་བ་བཟང་བོར་བསྒྲུབས་པར་མཛུབ་སྟོན་བྱེད་པར་དཔྱད་གཞིའི་དོན་སྙིང་གལ་ཆེན་ལྡན་པར་འདོད། རྒྱལ་ཁབ་སོ་སོས་ལྷག་བསམ་རྣམ་དག་གིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཐེངས་འདིའི་རིམས་འགོག་འཐབ་འཁྲུག་གི་རྒྱལ་ལོན་པའི་རེ་བ་བཅངས་ཡོད་ཟེར། 

ཀི་ལུའུ་ཅི་ཡཱའི་རིམས་ནད་འགོག་བཅོས་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་ཅཱ་མུའུ་ཁི་ལེ་ལེ་ཙི་ཡིས་བསྟན་དོན། ཀྲུང་གོ་ནས་ཕྱི་ཡོང་གི་ནད་པ་ལས་གཞན་ནད་པ་འཕར་སྣོན་བྱེད་ཀྱིན་མེད་པ་མངོན་འགྱུར་བྱས་ཡོད། དེ་ལས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་རིམས་འགོག་གི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ཡོད་ཟེར། 

ཐུའུ་ཁུའུ་མན་སི་ཐན་གྱི་འཕྲོད་བསྟེན་དང་སྨན་བཅོས་བཟོ་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀི་ལོས་ཅོ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་འགོག་བཅོས་ཐད་ནས་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་དང་རྟེན་འབྲེལ་ཞུ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་བརྙན་རིས་ཀྱི་བརྗེ་རེས་བྱ་འགུལ་སྤེལ་བར་བཀའ་དྲིན་ཞུ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་སྒོ་ཁྲལ་སོགས་སྡེ་ཁག་གི་ཆེད་མཁས་པས་མཚམས་སྦྱོར་བྱས་པའི་ཉམས་མྱོང་དེ་ཐུའུ་ཁུའུ་མན་སི་ཐན་གྱིས་རིམས་འགོག་བྱ་བ་སྤེལ་བར་གལ་འགངས་ཧ་ཅང་ཆེ་ཟེར། 

རྒྱ་གར་དང་ཕཱ་ཁི་སི་ཐན་སོགས་ཨེ་ཤ་ཡཱའི་ལྷོ་ཕྱོགས་རྒྱལ་ཁབ་དག་གི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་བསྟན་དོན། ཀྲུང་གོས་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོའི་བར་གྱི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།