ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་བཞི་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས19ཉིན། དབྱི་ཐཱ་ལེའི་རོ་མཱ་ནས། ཟས་རིགས་ཚོང་ཁང་ཞིག་གི་ལས་བཟོ་བས་ཁ་ཐུམ་བརྒྱབ་ནས་ལས་ཀ་ལས་བཞིན་པ། 

དབྱི་ཐཱ་ལེའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། ཏོག་དབྱིབས་ནད་དུག་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་བཞི་དང་སྟོང་གཅིག་སོ་ལྔར་བསླེབ་ཡོད་ལ། རིམ་རྩིས་ཀྱིས་ནད་པ་སྟོང་གསུམ་དང་བཞི་བརྒྱ་ཐིག་ལྔ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་ཡང་ནད་པ་སྟོང་བཞི་དང་བཞི་བརྒྱ་བཞི་བཅུ་དྲག་སྐྱེད་བྱུང་ཡོད་ཟེར། 

སྡེ་ཁག་དེས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྔ་ཉིན་ལས་སྟོང་ལྔ་དང་སུམ་བརྒྱ་ཉེར་གཉིས་ཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་བཞི་བརྒྱ་དང་ཉེར་བདུན་ཇེ་མང་དུ་སོང་ཡོད། 

མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ་ངོས་འཛིན་བྱས་པའི་ནད་པའི་ཁྲོད། ནད་པ་ཁྲི་གཅིག་དང་སྟོང་ལྔ་བདུན་བརྒྱ་ང་བདུན་གྱིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། མི་སྟོང་གཉིས་དང་བཞི་བརྒྱ་གོ་བརྒྱད་ཀྱིས་ནད་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། གཞན་ཡང་མི་ཁྲི་གཅིག་དང་སྟོང་བཞི་དགུ་བརྒྱ་སོ་ལྔ་རང་ཁྱིམ་དུ་བཀག་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།