ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་དགུ་དང་བརྒྱ་སོ་བཞིར་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་བཅོ་བརྒྱད་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥ་རན་སི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་དགུ་དང་བརྒྱ་སོ་བཞིར་བསླེབ་པ་དང་། ནད་པ་ཉིས་བརྒྱ་དང་རེ་བཞི་རྐྱེན་ལམ་ཤོར་ཡོད་ཟེར། 

སཱ་ལོ་མིན་གྱིས་བཤད་རྒྱུར། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དེ་ཧྥ་རན་སི་ནས་མཆེད་ཚད་མྱུར་བ་དང་། ནད་པའི་ཁ་གྲངས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། འདས་པའི་དུས་ཚོད་ཉེར་བཞིའི་ནང་ཧྥ་རན་སིའི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་བཞི་བརྒྱ་ཐིག་བཞི་འཕར་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་གྱ་དགུ་ཇེ་མང་དུ་སོང་ཡོད་ཟེར། 

ཧྥ་རན་སིའི་ནོར་སྲིད་བློན་ཆེན་ལེ་མཱེ་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་གིས་ཡོ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་ལྔའི་ཆེད་སྤྱོད་མ་རྩ་བཏང་སྟེ་ཧྥ་རན་སིའི་དཔལ་འབྱོར་དང་ཁེ་ལས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་བྱེད་རྒྱུ་མ་ཟད། ཁེ་ལས་ཀྱིས་དངུལ་ཁང་ནས་མ་དངུལ་བསྐྱིས་པར་ཡོ་སྒོར་ཁྲག་ཁྲིག་གསུམ་གྱི་རྒྱལ་ཁབ་འགན་སྲུང་འདོན་སྤྲོད་བྱས་ཡོད་ཟེར། 

ཁོས་ནན་གྱིས་བསྟན་དོན། ཁེ་ལས་ཀྱི་ཆེ་ཆུང་ཅི་འདྲ་ཡིན་ཡང་། དངུལ་བསྐྱིས་ཀྱི་རེ་ཞུ་བཏོན་ཆོག རྒྱལ་ཁབ་ཀྱིས་དེར་འགན་སྲུང་བྱེད་པས་དངུལ་ཁང་གིས་དང་ལེན་མི་བྱེད་པའི་རྒྱུ་མཚན་མེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།