ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་དྲུག་དང་དྲུག་བརྒྱ་སོ་གསུམ་དུ་འཕར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་སྤྱི་བའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་སྤེལ་བའི་གཞི་གྲངས་ལྟར་ན། ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་བར། ཧྥ་རན་སི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་དྲུག་དང་དྲུག་བརྒྱ་སོ་གསུམ་དུ་འཕར་བ་དང་། དེའི་ནང་ནད་པ་བརྒྱ་དང་ཞེ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར། 

ཚེས་བཅོ་ལྔ་ཉིན་དང་བསྡུར་ན་ཧྥ་རན་སི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་སོ་གསུམ་ཇེ་མང་དུ་སོང་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉེར་བརྒྱད་ཇེ་མང་དུ་སོང་ཡོད། 

ཧྥ་རན་སིའི་རླངས་འཁོར་བཟོ་བསྐྲུན་བྱེད་པའི་པེའོ་ཀྲི་ཞོས་ཐིས་ལུང་སྡེ་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་སྡེ་ཚོགས་དེས་ཉིན་དེ་ནས་བཟུང་ཧྥ་རན་སིའི་རླངས་འཁོར་ཐོན་སྐྱེད་རྟེན་གཞིའི་སྒོ་བརྒྱག་རྒྱུ་ཡིན་ཟེར། གཞན་ཡང་རླངས་འཁོར་བཟོ་བསྐྲུན་བྱེད་པའི་ལོས་ནོའུ་ཀུང་ཟི་ཡིས་ཀྱང་ཉིན་དེར་ཁྱབ་སྒྲོག་བྱས་དོན། ཉིན་དེ་ནས་བཟུང་ཧྥ་རན་སིའི་བཟོ་གྲྭའི་ཐོན་སྐྱེད་བྱ་འགུལ་ཚང་མ་མཚམས་འཇོག་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།