ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཞི་ནེ་བྱང་མ་ཞིང་ཆེན་དུ་འཇིགས་སྐུལ་ཉེས་ཅན་དྲུག་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཞི་ནེ་བྱང་མ་ཞིང་ཆེན་གྱི་པུས་ཨར་ཨ་པུའུ་ཏི་གྲོང་ཁྱེར་གྱི་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་སའི་འཛུགས་སྐྲུན་བྱེད་བཞིན་པའི་ཐོག་ཁང་ཞིག་ལ་ཐོལ་རྒོལ་བྱས། འཁྲུག་རྩོད་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་དྲུག་བསད་པ་དང་། རང་འགུལ་མེ་མདའ་དང་འགས་གཏོར་སྒྲིག་ཆས་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར། 

ད་ལོའི་ཟླ་གཉིས་པའི་ཚུན་ལ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཞི་ནེ་བྱང་མ་ཞིང་ཆེན་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། སྔ་གཞུག་ཏུ་འཇིགས་སྐུལ་ཉེས་ཅན་ཉི་ཤུ་ལྷག་བསད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།