ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེ་ཡིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ནས་མཉམ་འབྲེལ་སྐོར་གཡེང་བྱས་པར་འཇིགས་སྐུལ་ཉེས་ཅན་གྱིས་བར་ཆད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཐུར་ཁེའི་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གཞུང་ལམ་བཞི་བ་ནས་ཐོག་དང་པོར་མཉམ་འབྲེལ་སྐོར་གཡེང་བྱས་པ་དང་། འཇིགས་སྐུལ་ཉེས་ཅན་གྱི་བར་ཆད་ཐེབས་ཏེ་སྐོར་གཡེང་ལམ་ཐིག་ཇེ་ཐུང་དུ་བཏང་ཡོད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨུ་རུ་སི་དང་ཐུར་ཁེའི་དམག་དཔུང་གིས་ཉིན་དེར་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་ཐོག་དང་པོར་མཉམ་འབྲེལ་སྐོར་གཡེང་བྱས་པ་དང་། ཐུར་ཁེས་ཚོད་འཛིན་བྱས་མེད་པའི་འཇིགས་སྐུལ་ཉེས་ཅན་གྱིས་འཆར་གཞི་ཡོད་པའི་སྒོ་ནས་བར་ཆད་བཟོས་པས། སྐོར་གཡེང་ལམ་ཐིག་ཇེ་ཐུང་དུ་བཏང་བ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱིས་བུད་མེད་དང་བྱིས་པ་སོགས་མི་སེར་དཀྱུས་མ་སྔོན་ལ་མངག་ནས་བར་ཆད་བཟོ་རྩིས་བྱས། མི་སེར་དཀྱུས་མར་གནོད་པ་ཐེབས་པར་སྔོན་འགོག་བྱེད་ཆེད། ཨུ་རུ་སི་དང་ཐུར་ཁེའི་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་ཀྱིས་ཐོག་དང་པོའི་མཉམ་འབྲེལ་སྐོར་གཡེང་གི་ལམ་ཐིག་ཇེ་ཐུང་དུ་བཏང་བ་རེད། ཨུ་རུ་སིའི་ཕྱོགས་ཀྱིས་ཐུར་ཁེ་ཡིས་འགུལ་སྐྱོད་སྤེལ་ནས་འཇིགས་སྐུལ་ཉེས་ཅན་རྩ་མེད་དུ་བཏང་སྟེ་གཞུང་ལམ་བཞི་བའི་མཉམ་འབྲེལ་སྐོར་གཡེང་གི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།