སི་ཕན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཉིས་ལས་བརྒལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ཕན་འཕྲོད་བསྟེན་ཉེན་གཏོང་འཕྲལ་སྒྲུབ་མཐུན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རིན་སི་མིན་གྱིས་ཚེས་བཅུ་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་བར། སི་ཕན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཉིས་དང་གཉིས་ལ་བསླེབ་པ་དང་། ནད་པ་ཞེ་བདུན་རྐྱེན་ལམ་དུ་ཤོར། མིག་སྔར་བསྡོམས་པས་ནད་པ་ལྗིད་མོ་བརྒྱ་དང་ཉེར་དྲུག་ཡོད་ལ། མི་བརྒྱ་དང་སོ་དྲུག་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།