ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཉེན་སྲུང་དམག་དཔུང་གིས་ཚེས་བཞི་ཉིན་བཤད་རྒྱུར། ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཉེན་སྲུང་དམག་དཔུང་དང་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་ཡ་མེད་ཉེན་སྲུང་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཚེས་གཉིས་ཉིན་ཝུའུ་ཙི་པེ་ཁི་སི་ཐན་དབུས་ཕྱོགས་ས་ཁུལ་གྱི་ཅི་ཀྲ་ཁི་ཀྲིག་གི་ཧྥུའུ་ལི་ཧྲི་རི་ཁུལ་གྱི་སྦྱོང་བརྡར་ར་བ་ནས་མཇུག་སྒྲིལ་ཟེར། 

ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཉེན་སྲུང་དམག་དཔུང་གིས་བསྟན་དོན། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནི་ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་ནས་ཟླ་གསུམ་པའི་ཚེས་གཉིས་ཉིན་བར་སྤེལ་བ་དང་། དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལེགས་བཅོས་བྱས་ནས། འབྱུང་སྲིད་པའི་ཉམས་ཉེན་གནས་བབ་ཐག་གཅོད་བྱེད་པའི་ཆེད་ཡིན་ཟེར། 

ཝུའུ་ཙི་པེ་ཁི་སི་ཐན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་དཔོན་ཁང་གིས་བསྟན་དོན། ཨ་མེ་རི་ཁའི་མི་སྣ་སྐོར་ཞིག་ནི་ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་ཀྲིག་གི་མེད་ཁི་ཏིས་ཨར་མཁའ་དམག་རྟེན་གཞི་ནས་ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་པར་ཡོང་བ་རེད། དམག་དོན་སྦྱོང་བརྡར་སྤེལ་བ་ལས་རྒྱལ་ཁབ་གཉིས་ཀྱི་དྲག་ཆས་དམག་དཔུང་གིས་འགྲན་རྩོད་ཀྱི་མདུན་ནས་འཐབ་འཁྲུག་ནུས་པ་ཇེ་མཐོར་གཏོང་བ་དང་ཕན་ཚུན་བར་གྱི་མཉམ་ལས་རྒྱ་བསྐྱེད་ཐུབ་ངེས་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།