ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་དབྱེ་ཏི་ལེ་པུའུ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་གཞོན་པ་ཨོ་ཁི་ཐཱ་དབྱེ་ཡིས་ཚེས་བཞི་ཉིན་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་སོགས་ལ་ཐུག་འཕྲད་བྱས་པ་དང་། སི་རི་ཡཱའི་ཉེ་སྔོན་གྱི་གནས་བབ་འཕེལ་རྒྱས་དང་དབྱེ་ཏི་ལེ་པུའུ་ཡི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན། ཁྲིམས་འགལ་གནས་སྤོར་སྡོད་དམངས་བཅས་ཀྱི་གནས་ཚུལ་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་གསང་བའི་གྲོས་མོལ་བསྡུས་ཏེ། ཉིས་སྟོང་བཅུ་དྲུག་ལོར་ཐུར་ཁེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀོད་པའི་གྲོས་མཐུན་ལ་གྲོས་བསྡུར་བྱས་པ་དང་། དེའི་ནང་གནས་སྤོར་སྡོད་དམངས་དང་ལམ་ཡིག་མེད་པར་གཏོང་བ། སྒོ་ཁྲལ་མནའ་མཐུན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་པའི་ཐོབ་ཐང་གི་གྲོས་མོལ་སོགས་གནད་དོན་འདུས། གྲོས་མོལ་བྱེད་སྐབས་ཐུར་ཁེ་ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་གི་འགན་འཁྲི་ལག་བསྟར་བྱེད་དགོས་པ་དང་། ཕྱོགས་སོ་སོས་འདྲ་མཉམ་སྒོས་འགན་འཁྲི་ཁུར་དུ་ལེན་དགོས་པ་ནན་བཤད་བྱས། 

པའོ་ལོས་ལེ་ཡིས་བསྟན་དོན། ཐུར་ཁེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱའི་འཁྲུག་རྩོད་ལས་བྱུང་བའི་ཐུན་མོང་གི་འགྲན་རྩོད་ཐག་གཅོད་བྱེད་དགོས་པ་ལས། གནོན་ཤུགས་སྟེར་བ་དང་ཕྱོགས་གཅིག་གི་འགུལ་སྐྱོད་གང་ཡིན་ཡང་ཐག་གཅོད་བྱེད་ཐབས་མ་ཡིན་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པས་ཚེས་གསུམ་ནས་ཚེས་བཞིའི་ཉིན་ཐུར་ཁེ་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱས། པའོ་ལོས་ལེ་ཡིས་ཚེས་གསུམ་ཉིན་གྱི་དགོང་མོར་ཐུར་ཁེའི་ནང་སྲིད་བློན་ཆེན་སོ་དབྱེ་ལུའུ་དང་ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་གཉིས་དང་གྲོས་མོལ་བྱས་རྗེས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ང་ཚོས་ལག་རྡང་སྦྲེལ་ནས་མཉམ་ལས་བྱས་ཤིང་། མཉམ་དུ་འགྲན་རྩོད་ཐག་གཅོད་བྱས་ཏེ་ཐུར་ཁེ་དང་ཡོ་རོབ་གླིང་མནའ་འབྲེལ་ལ་བདེ་སྐྱིད་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།