ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ལོ་གཅིག་ནང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་གསུམ་པ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

202003030931230zSW.jpg

ཟླ3པའི་ཚེས2ཉིན། ཡེ་ལུའུ་སཱ་ལེམ་གྱི་འདེམ་ཤོག་འཕེན་ས་ཞིག་ཏུ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ལྕམ་མོ་སཱ་ལཱ་ཡིས་འདེམ་ཤོག་འཕེན་པར་གྲ་སྒྲིག་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱིས་ཚེས་གཉིས་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་ཉེར་གསུམ་པ་སྤེལ་བ་དང་། བསྡོམས་པས་སྲིད་ཏང་དང་ཏང་ཁག་མནའ་འབྲེལ་ཉེར་དགུ་ཡིས་གྲོས་ཁང་གི་ལས་གནས་བརྒྱ་དང་ཉི་ཤུར་འགྲན་རྩོད་བྱེད་རྒྱུ་རེད། དེ་ནི་དབྱི་སི་རལ་གྱིས་ལོ་གཅིག་གི་ནང་སྤེལ་བའི་འདེམ་བསྐོའི་བྱ་འགུལ་ཐེངས་གསུམ་པ་ཡིན་པ་དང་། དེ་ནི་དབྱི་སི་རལ་གྱི་ལོ་རྒྱུས་སྟེང་སྔ་ན་བྱུང་མྱོང་མེད་པའི་སྣང་ཚུལ་ཞིག་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།