ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ནད་པ་སྟོང་གསུམ་དང་བདུན་བརྒྱ་སོ་དྲུག་ལ་འཕར་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་རིམས་ནད་དོ་དམ་སྡེ་ཁག་གིས་ཟླ་གསུམ་པའི་ཚེས་གཅིག་ཉིན་སྤེལ་བའི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། ཚེས་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར་དུ་ཧན་གོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ནད་པ་གསར་བ་ལྔ་བརྒྱ་དང་གྱ་དྲུག་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་སྟོང་གསུམ་དང་བདུན་བརྒྱ་སོ་དྲུག་ལ་འཕར་ཡོད་ལ། ནད་པ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།