ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཧཱ་ཏིས་ཨར་གྱི་ལས་ཁུར་དགོངས་ཞུའི་སྙན་ཞུར་ཆོག་མཆན་ཐོབ་ནས་བར་བརྒལ་ཙུང་ལིའི་འགན་ཁུར་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ལེ་ཞི་ཡཱའི་ཆེས་མཐོའི་གཙོ་འཛིན་ཨ་པུའུ་ཏུའུ་ལཱ་ཡིས་ཚེས་ཉེར་བཞིའི་ཉིན་ཙུང་ལི་མཱ་ཧཱ་ཏིས་ཨར་གྱིས་སྤྲད་པའི་ལས་ཁུར་དགོངས་ཞུའི་སྙན་ཞུ་དང་ལེན་བྱས་ཏེ། ཙུང་ལིའི་ལས་འགན་བསྐྱུར་བར་ཡིད་འཐད་བྱུང་ཡང་། ཁོ་རང་བར་བརྒལ་ཙུང་ལིར་བསྐོ་འཇོག་བྱས། 

མཱ་ཧཱ་ཏིས་ཨར་གྱིས་ཉིན་དེར་ཨ་པུའུ་ཏུའུ་ལཱ་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་པ་དང་། དེའི་རྗེས་སུ་གཞིས་སྡོད་མཐུན་སྒྲིལ་ཏང་གི་མཚན་འཛིན་ཀྲུའུ་ཞིའི་ལས་འགན་བསྐྱུར་བ་ཁྱབ་སྒྲོག་བྱས་ཀྱང་། མཱ་ཧཱ་ཏིས་ཨར་གྱིས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་རྐྱེན་གསལ་བོར་བཤད་མེད། 

མཱ་ལེ་ཞི་ཡཱའི་སྲིད་གཞུང་གི་དབུ་བཞུགས་དྲུང་ཡིག་ཆེན་མོ་ཙུའུ་ཅི་ཡིས་གསལ་སྒྲོག་སྤེལ་ཏེ། ཨ་པུའུ་ཏུའུ་ལཱ་ཡིས་མཱ་ཧཱ་ཏིས་ཨར་གྱིས་བར་བརྒལ་ཙུང་ལིའི་འགན་ཁུར་བར་ཡིད་འཐད་བྱུང་ཡོད་པ་དང་། རྩ་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་གཞིར་བཟུང་ནས་ཙུང་ལི་གསར་བ་བདམས་ཐོན་འབྱུང་རག་བར་ཏུ་འགན་ཁུར་དགོས། ཙུང་ལི་གསར་བ་བདམས་ཐོན་འབྱུང་བ་དང་ནེ་ཀི་གསར་བ་རྩ་འཛུགས་བྱེད་རག་བར་དུ་མཱ་ཧཱ་ཏིས་ཨར་གྱིས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་དོན་ལ་འགན་ཁུར་རྒྱུ་རེད། 

མཱ་ལེ་ཞི་ཡཱའི་རྩ་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་ལས་གཏན་འཁེལ་བྱས་པ་ལྟར་ན། ཙུང་ལི་ནི་ངེས་པར་དུ་ཆེས་མཐོའི་གཙོ་འཛིན་གྱིས་ཁས་ལེན་ཅིང་རྒྱལ་ཚོགས་གྲོས་ཁང་གི་གྲོས་མི་མང་ཆེ་བས་ཡིད་ཆེས་བྱེད་པའི་གྲོས་མི་ཞིག་ཡིན་དགོས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།