ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་སི་རི་ཡཱ་སོགས་ཀྱི་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་དུས་བཅད་ལྟར་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་སྟེ། སི་རི་ཡཱ་དང་ལི་པུ་ཡཱའི་གནད་དོན་ཐད་ནས་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཉིན་དེར་ཕྱོགས་གཉིས་ཀྱིས་ཁ་པར་བརྒྱུད་དེ་ཡང་བསྐྱར་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ལ་དོ་སྣང་བྱས། ཕུའུ་ཅིན་གྱིས་ཐལ་སྤྱོད་རྩ་འཛུགས་ཀྱི་རྒྱུན་མཐུད་ངང་སྤེལ་བའི་འཇབ་རྒོལ་བྱ་སྤྱོད་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པ་ནན་བཤད་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀྱི་དབྱེ་ཏི་ལེ་པུའུ་གནད་དོན་ཐད་ཀྱི་གྲོས་མོལ་ལ་ཤུགས་སྣོན་བྱས་ཏེ། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་འཁྲུག་རྩོད་མཚམས་འཇོག་པ། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་མེད་པར་གཏོང་བར་ཁག་ཐེག་བྱེད་པར་ཡིད་འཐད་བྱུང་། རྒྱལ་ཁབ་གཉིས་ཀྱི་དམག་དོན་སྡེ་ཁག་གིས་མུ་མཐུད་དུ་འབྲེལ་འདྲིས་ཟབ་མོ་བྱེད་རྒྱུ་རེད། ལི་པུ་ཡཱའི་གནད་དོན་གླེང་སྐབས་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ལི་པུ་ཡཱའི་གནད་དོན་གྱི་པའོ་ལིན་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་ཆོད་དོན་དངོས་འབེབས་བྱེད་དགོས་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།