ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ནར་སོན་མེད་པའི་མིའི་བདེ་ཐང་དང་མ་འོངས་པར་འགན་སྲུང་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་དབྱིན་ཇིའི་གསོ་རིག་དུས་དེབ་ལྕང་ལོའི་རལ་གྲི་ཞེས་པས་ཚེས་བཅུ་དགུའི་ཉིན་མཉམ་དུ་སྤེལ་བའི་སྙན་ཞུ་གསར་བ་ཞིག་ལས་བཤད་རྒྱུར། སྐྱེ་ཁམས་ཞན་འགྱུར་བྱུང་བ་དང་། ནམ་ཟླའི་འགྱུར་ལྡོག ཚོང་ལས་བྱེད་ཐབས་སྣ་ཚོགས་བེད་སྤྱད་དེ་བྱིས་པར་ལས་སྣོན་བྱས་པ་ཚད་ལས་བརྒལ་བའི་མགྱོགས་ཟས་དང་མངར་ལྡན་སྐོམ་ཆུ། ཆང་རག དུ་བ་སོགས་ཕྱིར་འཚོང་བྱེད་པའི་གནད་དོན་ལས། འཛམ་གླིང་ཡོངས་ཀྱི་བྱིས་པ་དང་ན་གཞོན་ཚང་མའི་བདེ་ཐང་དང་མ་འོངས་པར་ཐད་ཀར་དུ་གནོད་པ་ཐེབས་བཞིན་ཡོད་ཟེར། 

སྙན་ཞུ་ལས་བལྟས་ན། རྒྱལ་ཁབ་གང་རུང་གིས་བྱིས་པ་དང་ན་གཞོན་འདུས་པའི་ནར་སོན་མེད་པའི་མིའི་བདེ་ཐང་དང་འཚར་ལོངས་འབྱུང་སའི་ཁོར་ཡུག མ་འོངས་པ་བཅས་ལ་འགན་སྲུང་གང་ལེགས་འདོན་སྤྲོད་བྱེད་ཐབས་མེད་པར་འདོད། 

བྱིས་པ་དང་ན་གཞོན་ལ་སྲུང་སྐྱོབ་བྱེད་པར་སྙན་ཞུ་ལས་དབྱང་གཉིས་ཐན་འགྱུར་གྱི་ཕྱིར་གཏོང་ལ་ཚོད་འཛིན་གང་ལེགས་བྱེད་པ་དང་། བྱིས་པ་དང་ན་གཞོན་ནི་རྒྱུན་མཐུད་འཕེལ་རྒྱས་བྱ་བའི་སྙིང་བོར་བྱེད་པ། སྲིད་ཇུས་གསར་བ་དང་ཁ་སྣོན་བྱས་པའི་དངུལ་གཏོང་དེ་བྱིས་པ་དང་ན་གཞོན་གྱི་བདེ་ཐང་དང་ཁེ་དབང་ཐད་གཞོལ་བ། སྤྱི་བའི་ཐབས་ཇུས་ཁྲོད་བྱིས་པའི་བསམ་ཚུལ་ལ་བསམ་བློ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཁེ་དབང་སྤྱི་ཆིངས་ཀྱི་གྲོས་ཆོད་ཡི་གེ་གསར་བ་གཏན་འབེབས་བྱས་ཏེ་རྒྱལ་ཁབ་ཀྱིས་གནོད་པ་ཆེ་བའི་ཚོང་གཉེར་ལ་ལྟ་རྟོག་བྱེད་པར་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་བཤད་རྒྱུར། སྙན་ཞུ་ལས་ལས་རྒྱལ་ཁབ་སོ་སོས་ངེས་པར་དུ་བྱིས་པའི་བདེ་ཐང་དང་འཕེལ་རྒྱས་ལ་མཐོང་ཆེན་བྱེད་དགོས་པ་དང་། བྱིས་པ་དང་གཞོན་གྱི་བསམ་ཚུལ་ལ་ཉན་ནས་དེའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་འགན་སྲུང་བྱེད་པ་དང་། བྱིས་པ་དང་ན་གཞོན་དག་བདེ་བླག་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བཏང་ནས་མཛེས་སྡུག་གི་མ་འོངས་པ་འཛུགས་སྐྲུན་བྱེད་དགོས་པའི་གསལ་བརྡ་བཏང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།