ཀྲུང་གོ་བོད་ཀྱི་དྲ་བ།

སེ་ཕུའུ་ལུའུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་རྒྱལ་ཁོངས་རང་དུ་ཨ་མེ་རི་ཁའི་བཅའ་སྡོད་དམག་དཔུང་རུ་ཁག་གཅིག་ཡོད་པ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེ་ཕུའུ་ལུའུ་སིའི་རྒྱལ་སྲུང་བློན་ཆེན་ཨན་རི་ལེ་ཏའེ་སི་ཡིས་ཚེས་བཅུ་དགུའི་ཉིན་ཁས་ལེན་བྱས་དོན། མིག་སྔར་སེ་ཕུའུ་ལུའུ་སིའི་མངའ་ཁོངས་སུ་ཨ་མེ་རི་ཁའི་སྐམ་དམག་གི་ཆེད་མངག་དམག་དཔུང་ཞིག་བཅའ་སྡོད་བྱས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་མི་ལྔ་བརྒྱ་ཙམ་མིག་སྔར་སེ་ཕུའུ་ལུའུ་སིའི་ལྷོ་ནུབ་ཕྱོགས་ཀྱི་ཕཱ་ཧྥུའུ་སི་གྲོང་ཁྱེར་ཉེ་འདབས་ཀྱི་མཁའ་དམག་རྟེན་གཞི་ཞིག་ཏུ་བཅའ་སྡོད་བྱས་ཡོད་ཟེར། 

ཨན་རི་ལེ་ཏའེ་སི་ཡིས་བཤད་རྒྱུར། ཟླ་དང་པོའི་ཚེས་གསུམ་ཉིན་ཨ་མེ་རི་ཁའི་དམག་དཔུང་གིས་མི་བསྡད་མེད་པའི་གནམ་གྲུ་བཀོད་དེ་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་རུ་བར་སྣང་འཇབ་རྒོལ་བྱས་ཏེ་དབྱི་ལིང་མཐོ་རིམ་དམག་དཔོན་སུའུ་ལའེ་མན་བསད་རྗེས། ཨ་མེ་རི་ཁ་ཕྱོགས་ཀྱིས་སེ་ཕུའུ་ལུའུ་སི་རུ་ཆེད་མངག་དམག་དཔུང་ཞིག་བཅའ་སྡོད་བྱས་ཏེ་དབུས་ཤར་རྒྱལ་ཁབ་ཏུ་སྡོད་པའི་ཨ་མེ་རི་ཁའི་མི་སྣ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། 

ཨན་རི་ལེ་ཏའེ་སི་ཡིས་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་དེས་ལག་བསྟར་བྱས་པ་ནི་མི་ཆོས་རིང་ལུགས་ཀྱི་ལས་འགན་ཡིན་ཟེར། ཁོས་དམག་དཔུང་དེར་བྱེ་བྲག་ཏུ་མི་གྲངས་ག་ཚོད་ཡོད་པ་གསལ་བོར་བསྒྲགས་མེད། 

སེ་ཕུའུ་ལུའུ་སིའི་ཕྱི་འབྲེལ་བློན་ཆེན་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་ཟླ་སྔོན་མར་བསྟན་དོན། སེ་ཕུའུ་ལུའུ་སི་ཡིས་ཨ་མེ་རི་ཁས་བཏོན་པའི་མི་ཆོས་རིང་ལུགས་ཀྱི་དམིགས་ཡུལ་དུ་སེ་ཕུའུ་ལུའུ་སིའི་སྒྲིག་ཆས་བེད་སྤྱོད་བྱེད་པའི་རེ་བ་དང་ལེན་བྱས་ཡོད་ཀྱང་། གནས་ཚུལ་ག་འདྲའི་འོག་ཏུའང་ཨ་མེ་རི་ཁའི་དམག་དོན་འགུལ་སྐྱོད་ནང་ཞུགས་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།