ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་ཤར་ལྷོའི་ས་ཁུལ་དུ་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲིར་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ནེ་ཀྲིར་ཤར་ལྷོའི་ཕྱོགས་ཀྱི་མཐའ་མཚམས་ཞིང་ཆེན་ཏིས་ཧྥ་ནས་ཚེས་བཅུ་བདུན་ཉིན་རྡོག་བརྫིས་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ནེ་ཀྲིར་སྒེར་གཉེར་གྱི་སཱ་ལའོ་ནེ་ཡཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ནེ་ཀྲིར་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་གི་ཀྲིག་ཀྲང་ཙུའུ་ལུའུ་མུའུ་ནེ་ཀྲིར་གྱི་ཏིས་ཧྥ་ཞིང་ཆེན་གྱི་ན་གཞོན་རིག་གནས་ཁང་དུ་སོང་སྟེ། ནེ་ཀྲི་རི་ཡཱའི་ཡུལ་གྱར་བར་ཟས་རིགས་སྟེར་བའི་སྐབས་སུ་ཡུལ་དངོས་ནས་མི་མང་བོས་འཕྲོག་རྩོད་བྱས་ཏེ་རྡོག་བརྫིས་དོན་རྐྱེན་བྱུང་བ་རེད། འདས་པོ་མང་ཆེ་བ་ནི་ནེ་ཀྲིར་གྱི་ཡུལ་གྱར་བ་རེད་ཟེར།

ནེ་ཀྲིར་དཔོན་ཕྱོགས་ཀྱིས་དོན་དེའི་ཐད་ནས་ད་རུང་གསལ་སྒྲོག་གང་ཡང་སྤེལ་མེད། 

ཏིས་ཧྥ་ཞིང་ཆེན་དང་ནེ་ཀྲི་རི་ཡཱའི་མཐའ་མཚམས་སྦྲེལ་ཡོད། བསྒྲགས་པ་ལྟར་ན། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་གཞོལ་ཆེད་ནེ་ཀྲི་རི་ཡཱའི་ཡུལ་གྱར་བ་སྟོང་ཕྲག་འགའ་ཏིས་ཧྥ་ཞིང་ཆེན་དུ་ཉེན་ཡོལ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།