ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་སྡེ་བ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་སུམ་ཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཁཱ་ཆི་ནཱ་ཀྲིག་གི་སྡེ་བ་གཉིས་ལ་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སུམ་ཅུ་རྐྱེན་ལམ་དུ་ཤོར། 

ཁཱ་ཆི་ནཱ་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་དབྱེ་སཱ་ཡིས་བཤད་རྒྱུར། དྲག་ཆས་པ་དེ་དག་འཕྲུལ་རྟར་ཞོན་ནས་སྡེ་བ་དེ་གཉིས་ལ་འཇབ་རྒོལ་བྱས་པ་དང་། སྡེ་མིར་གང་འདོད་དུ་མེ་མདས་བརྒྱབ། འདས་པོ་མང་ཆེ་བ་ནི་རྒན་པ་དང་བྱིས་པ་རེད་ཟེར། 

ཉེན་རྟོག་ཕྱོགས་དང་དམག་ཕྱོགས་ཀྱིས་འཇབ་རྒོལ་ཐེབས་པའི་སྡེ་བ་དང་ཉེ་འཁོར་ས་ཁུལ་གྱི་དོགས་ཟོན་མཐོར་འདེགས་བྱས། འཛིན་བཟུང་བྱེད་པའི་འགུལ་སྐྱོད་ཁྲོད་དུ་དོགས་ཡོད་ཉེས་ཅན་གཅིག་དང་འཕྲུལ་རྟ་དགུ་རྩད་ཆོད་ཡོད། མིག་སྔར་སྔོག་བཤེར་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།