ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་ཐལ་དྲགས་པའི་གནོན་ཤུགས་འོག་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅུ་དྲུག་ཉིན་ཏི་ཧེ་ལན་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལིང་གིས་ཨ་མེ་རི་ཁའི་ཐལ་དྲགས་པའི་གནོན་ཤུགས་ཁུར་དུ་བླངས་ཡོད་པས། ཐལ་དྲགས་པའི་གནོན་ཤུགས་འོག་ཏུ་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་མི་སྲིད་ཟེར། 

ལུའུ་ཧཱ་ནེ་ཡིས་དབྱི་ལིང་མི་དམངས་ཀྱིས་ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ལ་ངོ་རྒོལ་བྱས་པར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། དབྱི་ལིང་གིས་སུའུ་ལའེ་མན་རྐྱེན་ལམ་དུ་ཤོར་བ་དང་། ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བ་སོགས་ཀྱི་དོན་རྐྱེན་བརྒྱུད་ཡོད་ཀྱང་། དམིགས་ཚད་མང་བོ་ཞིག་ལས་མངོན་པ་ལྟར་ན་དབྱི་ལིང་མི་དམངས་ཀྱིས་དོན་རྐྱེན་དེ་དག་ལས་བྱུང་བའི་ཤུགས་རྐྱེན་ཁྱད་དུ་བསལ་བཞིན་ཡོད་ལ། གནས་ཚུལ་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་ད་རུང་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པ་དང་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། གལ་ཏེ་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་བཏང་ན། དབྱི་ལིང་གིས་ཨ་མེ་རི་ཁའི་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་འོག་གྲོས་མོལ་བྱེད་པར་གྲ་སྒྲིག་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།