ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱའི་ཙུང་ལི་ཡིས་གྲོས་ཁང་ལ་སྲིད་སྐྱོང་སྙན་ཞུ་སྤྲད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་ཙུང་ལི་ཅེ་ལཱ་ཏི་ཡིས་ཚེས་བཅུ་གཅིག་ཉིན་ཨར་ཅི་རི་ཡཱའི་དམངས་གྲོས་ཁང་ལ་སྲིད་སྐྱོང་སྙན་ཞུ་སྤྲད། 

ཅེ་ལཱ་ཏི་ཡིས་ཉིན་དེར་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། མིག་སྔར་སྲིད་གཞུང་གི་མདུན་དུ་ལྷགས་པའི་འགྲན་རྩོད་གཙོ་བོ་ནི་ཇི་ལྟར་རྒྱལ་ཁབ་ཀྱི་སྣེ་ཁྲིད་དེ་ཆབ་སྲིད་དང་དཔལ་འབྱོར་ཉམས་ཉེན་ལས་ཐར་བ་དང་། དུས་རབས་གསར་བ་ཞིག་ཏུ་ཞུགས་རྒྱུ་དེ་ཡིན། བརྒྱུད་རིམ་དེའི་ཁྲོད་མང་ཚོགས་ཀྱི་སྲིད་གཞུང་ལ་བཅངས་པའི་ཡིད་ཆེས་སླར་གསོ་བྱེད་དགོས་ཟེར།

ཁོས་མིག་སྔར་སྲིད་གཞུང་ནོར་སྲིད་ཀྱི་གནས་ཚུལ་ཛ་དྲག་ལ་འཕྲད་ཡོད་པ་དང་། སྲིད་གཞུང་གིས་ཨར་ཅི་རི་ཡཱའི་མི་ཚང་མ་འདྲ་མཉམ་གཅིག་གྱུར་ཡིན་པའི་སྤྱི་ཚོགས་གྲུབ་ཚུལ་ཞིག་བཙུགས་ཏེ་མི་ཚང་མའི་གོ་སྐབས་འདྲ་མཉམ་ཡོང་བར་ཁག་ཐེག་བྱས་ནས། སྔ་མོ་ནས་ཉམས་ཉེན་ལས་ཐར་དུ་འཇུག་རྒྱུ་ཡིན་ཟེར། 

ཅེ་ལཱ་ཏི་ཡིས་ད་རུང་བསྟན་དོན། ཨར་ཅི་རི་ཡཱའི་སྲིད་གཞུང་གིས་གྲངས་ལྡན་དང་ཤེས་བྱའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། མུ་མཐུད་དུ་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐོན་ཁུངས་ཁོ་ནར་བརྟེན་པའི་དཔལ་འབྱོར་འཕེལ་སྟངས་བསྒྱུར་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།