ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སིའི་ཕྱོགས་ཀྱིས་རྣམ་པ་གསར་བའི་མཚོན་ཆའི་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་ཚགས་པར་གྱིས་ཚེས་བཅུའི་ཉིན་བཀོད་པའི་བཅར་འདྲིའི་ནང་བསྟན་དོན། ཨུ་རུ་སི་ཡིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་སྒྲོམ་གཞིའི་ནང་། ཨུ་རུ་སིའི་རྣམ་པ་གསར་བའི་མཚོན་ཆའི་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཨུ་རུ་སིའི་རྣམ་པ་གསར་བའི་མཚོན་ཆར་སྤྲོ་བ་ཡོད་ཅིང་། ཨུ་རུ་སིའི་ཕྱོགས་ཀྱིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་སྒྲོམ་གཞིའི་ནང་། གདོང་མཆོང་ཞེས་པའི་མཐོ་བརྒལ་སྒྲའི་མྱུར་ཚད་ལྡན་པའི་འཕུར་མདའ་དང་སཱར་མཱ་ཐི་ཞེས་པའི་གླིང་ཆེན་བར་གྱི་འཕུར་མདའ་འདུས་པའི་རྣམ་པ་གསར་བའི་མཚོན་ཆ་སྐོར་ཞིག་ལ་གྲོས་བསྡུར་བྱེད་འདོད་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱི་མཚོན་ཆ་གསར་བ་གཞན་པར་ཆིངས་ཡིག་དེའི་ཚོད་འཛིན་ཐེབས་མེད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེའི་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བ་དེ་ཕྱོགས་གཉིས་ལ་མཚོན་ན་དགོས་གལ་ཧ་ཅང་ཆེ་བ་དང་། དེ་ལས་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཡོ་བྱད་དེར་གཏོར་བརླག་བཏང་བར་སྐྱོན་འཛུགས་བྱེད་པར་སྔོན་འགོག་བྱེད་ཐུབ་པར་བསམ་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།