ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་འཇབ་རྒོལ་ལས་ཐུར་ཁེའི་དམག་མི་ལྔ་རྐྱེན་ལམ་དུ་ཤོར་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་ཐུར་ཁེའི་དམག་དཔུང་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ནས། ཐུར་ཁེའི་དམག་མི་ལྔ་རྐྱེན་ལམ་དུ་ཤོར་ཟེར། 

གསལ་སྒྲོག་ལས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཐུར་ཁེའི་དམག་དམག་དཔུང་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་དྲག་པོ་བྱས་པ་དང་། ཐུར་ཁེའི་དམག་མི་ལྔ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར། གཞན་ཡང་དམག་མི་ལྔར་རྨས་ཕོག་ཡོད། ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་འཇབ་རྒོལ་ལ་རྒོལ་ལན་སྤྲད་ཡོད། ཐུར་ཁེ་ཕྱོགས་ཀྱིས་གནས་བབ་དེའི་འགྱུར་ལྡོག་ལ་དོ་སྣང་བྱེད་བཞིན་ཡོད་པར་མ་ཟད་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། 

ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་མངའ་ཁོངས་ཀྱི་ཐཱ་ཧྥུའུ་ཐན་ནཱ་ཙི་ས་ཁུལ་ཉེ་འདབས་སུ་ཡོད་པའི་ཐུར་ཁེའི་དམག་དོན་དམག་དཔུང་གི་རླངས་འཁོར་རུ་ཁག་ལ་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།