ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་གིས་ཕོ་ལན་དུ་འཚམས་འདྲི་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉེ་སྔོན་ཕོ་ལན་དུ་འཚམས་འདྲི་བྱས་པ་དང་། དེ་ནི་ཉིས་སྟོང་བཅུ་གསུམ་ལོའི་ཚུན་ལ་ཧྥ་རན་སིའི་ཙུང་ཐུང་གིས་ཐོག་དང་པོར་ཕོ་ལན་དུ་འཚམས་འདྲི་བྱས་པ་རེད། གླེང་ཕྱོགས་ཀྱིས་བལྟས་ན། མཱ་ཁི་ལུང་གི་ཐེངས་འདིའི་འཚམས་འདྲི་ནི་ཕོ་ལན་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ཆེད་དུ་ཡིན་པ་ལས་གཞན། ཧྥ་རན་སི་དང་འཇར་མན། ཕོ་ལན་བཅས་རྒྱལ་ཁབ་གསུམ་གྱི་མཐོ་རིམ་གྲོས་ཚོགས་སླར་གསོ་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་འགལ་བ་ཞི་འཇགས་སུ་གཏོང་བ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྒྲིལ་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཡིན་པར་འདོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།