ཀྲུང་གོ་བོད་ཀྱི་དྲ་བ།

རོ་མཱ་ནི་ཡཱའི་ཙུང་ཐུང་གིས་ཡང་བསྐྱར་ཨོ་ཨར་པན་གྱི་མིང་བཏོན་ནས་ནེ་ཀི་རྩ་འཛུགས་བྱེད་དུ་བཅུག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རོ་མཱ་ནི་ཡཱའི་ཙུང་ཐུང་ཡོ་ཧན་ནེ་སི་ཡིས་ཚེས་དྲུག་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས། ཁོས་སྔར་བཞིན་རྒྱལ་ཁབ་རང་དབང་ཏང་གི་ཀྲུའུ་ཞི་ཨོ་ཨར་པན་ཙུང་ལི་གསར་བར་མིང་བཏོན་ནས་ཁོས་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ་ཡོད་ཟེར། 

ཡོ་ཧན་ནེ་སི་ཡིས་ཉིན་དེར་ཙུང་ལི་གསར་བའི་མིང་འདོད་ཐད་ནས་གྲོས་ཁང་གི་སྲིད་ཏང་སོ་སོའི་བར་གྲོས་མོལ་བྱས་རྗེས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་བ་ནི་མིག་སྔའི་ཐོག་མའི་གདམ་གསེས་ཡིན་པས། སྲིད་ཏང་སོ་སོས་གང་མགྱོགས་སྒོས་ཆོད་དོན་སྤེལ་དགོས་ཟེར། 

རོ་མཱ་ནི་ཡཱའི་གྲོས་ཁང་གིས་ཚེས་ལྔ་ཉིན་ངོ་རྒོལ་ཏང་གིས་བཏོན་པའི་ཨོ་ཨར་པན་སྲིད་གཞུང་ལ་ཡིད་མི་ཆེས་པའི་གྱོད་དོན་འཆར་ཟིན་ལ་གྲོས་མཐུན་བཀོད་དེ། སྲིད་བསྐྱངས་ནས་ཟླ་ངོ་གསུམ་འགོར་བའི་རྒྱལ་ཁབ་རང་དབང་ཏང་གི་སྲིད་གཞུང་གིས་ལས་འགན་བསྐྱུར་དགོས་ཟེར། 

རོ་མཱ་ནི་ཡཱའི་རྩ་ཁྲིམས་ལྟར་ན། གྲོས་ཁང་གིས་སྲིད་གཞུང་ལ་ཡིད་མི་ཆེས་པའི་གྱོད་དོན་འཆར་ཟིན་བཀོད་རྗེས། ཙུང་ཐུང་གིས་ཙུང་ལི་གསར་བའི་མིང་བཏོན་ནས་ནེ་ཀི་རྩ་འཛུགས་བྱེད་དུ་འཇུག་དགོས། གལ་ཏེ་བསྟུད་མར་ཐེངས་གཉིས་ཀྱི་ནེ་ཀིའི་རྩ་འཛུགས་ལ་ཕམ་ཉེས་བྱུང་ན། ཙུང་ཐུང་གིས་གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།