ཀྲུང་གོ་བོད་ཀྱི་དྲ་བ།

​ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཉུང་མཐར་ཡང་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉིས་བརྒྱ་དང་ལྔ་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་དྲུག་ཉིན་བདེན་དཔང་བྱས་དོན། ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་ནེ་ཀྲི་རི་ཡཱའི་དབུས་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་ཀྲིག་གི་འགུལ་སྐྱོད་ཅིག་ལས་ཉུང་མཐར་ཡང་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉིས་བརྒྱ་དང་ལྔ་བཅུ་བསད་ཟེར། 

ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་པཱ་ཡིས་གསལ་སྒྲོག་ཅིག་ལས་བསྟན་དོན། ཉེན་རྟོག་ཕྱོགས་ཀྱི་མཉམ་འབྲེལ་འཐབ་འཁྲུག་ཡན་ལག་རུ་ཁག་ཅིག་གིས་ཚེས་ལྔ་ཉིན་གྱི་ཞོགས་པར་དྲག་ཆས་གྱེན་འཕུར་གནམ་གྲུའི་གཞོགས་འདེགས་འོག་ཏུ། ཨན་སཱ་ལུའུ་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁཱ་ཏུའུ་ནཱ་ཀྲིག་གི་ནགས་ཚལ་ཞིག་ཏུ་ཡོད་པའི་སྒར་སར་འཇབ་རྒོལ་བྱས། དུས་ཚོད་འགའི་རིང་འཐབ་འཁྲུག་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཉུང་མཐར་ཡང་དྲག་ཆས་ཉེས་ཅན་ཉིས་བརྒྱ་དང་ལྔ་བཅུ་བསད་ཟེར། 

མུའུ་པཱ་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་དུས་རྒྱུན་སྒར་ས་དེ་ནས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་སོང་ནས་འཇབ་རྒོལ་དང་བཙན་ཁྲིད་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་ཟེར། 

མུའུ་པཱ་ཡིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱི་གྱེན་འཕུར་གནམ་གྲུ་ཞིག་ལ་འགུལ་སྐྱོད་སྤེལ་སྐབས་དྲག་ཆས་ཉེས་ཅན་གྱི་མཁའ་སྲུང་མདེལ་ཕོག་རྗེས་བདེ་བླག་ངང་ཁཱ་ཏུའུ་ནཱ་ཀྲིག་གི་མཁའ་དམག་རྟེན་གཞི་ཞིག་ལ་འབབ་ཐུབ་པ་བྱུང་། གནམ་གྲུའི་སྟེང་གི་ཁ་ལོ་བ་གཉིས་ལ་རྨས་ཕོག་ཀྱང་ཚེ་སྲོག་ལ་ཉེན་ཁ་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།