ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཀྲུང་གོའི་རིམས་ནད་འགོག་བཅོས་བྱ་བར་ཁས་ལེན་གང་ལེགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉེ་སྔོན་ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་ཀྱི་གནད་དོན་ཐད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་གང་ལེགས་བྱེད་དགོས་པ་དང་། མིག་སྔའི་དཀའ་ཁག་གི་གནས་ཚུལ་འོག་ཏུ། ཀྲུང་གོ་དང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་སྲིད་པའི་རྒྱལ་ཁབ་གཞན་པར་རྒྱབ་སྐྱོར་དང་སེམས་ཁུར་བྱས་ཏེ། མང་ཚོགས་དག་ལ་གནོད་པ་ཚད་མེད་ཐེབས་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཁོས་མིག་སྔའི་གནས་ཚུལ་འོག་ཏུ་མི་རྣམས་ཀྱིས་མཐོང་ཆུང་གི་ལྟ་སྟངས་འཛིན་པ་དང་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་སྤེལ་བར་སེམས་ཁུར་བྱེད་བཞིན་ཡོད། རིགས་རྒྱུད་དང་རྒྱུ་རྐྱེན་གཞན་པའི་དབང་གིས་ཉེས་མེད་མི་ལ་རྒྱུན་པར་གནོད་པ་ཐེབས་སྲིད་པས། སྣང་ཚུལ་དེ་སྔོན་འགོག་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། ཐེངས་འདིའི་རིམས་ནད་སྐབས་ཀྲུང་གོས་ཐོན་ཁུངས་དང་ནུས་པ་མང་བོ་སྐུལ་སློང་བྱས་ཏེ་རིམས་ནད་འགོག་བཅོས་ལ་བརྩོན་པ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རིམས་ནད་འགོག་བཅོས་བྱ་བར་ཁས་ལེན་གང་ལེགས་བྱེད་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཧུར་ཐག་སྒོས་ཀྲུང་གོ་དང་ཏོག་དབྱིབས་ནད་དུག་གསར་བའི་ནད་པ་བྱུང་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། གློ་བུར་དུ་བྱུང་བའི་དོན་རྐྱེན་ཆེད་མཁས་ཚན་ཆུང་གིས་འོས་ཤིང་འཚམ་པའི་སྐབས་སུ་ཆོད་དོན་སྤེལ་ཏེ། ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་དེ་རྒྱལ་སྤྱིས་དོ་སྣང་བྱེད་པའི་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཡིན་པར་ཁྱབ་སྒྲོག་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ནམ་རྒྱུན་ལས་ཁུངས་གཞན་པའི་བར་མཉམ་ལས་བྱས་ཏེ་ཁ་ཚ་དགོས་གཏུག་གི་བྱ་བ་སྣ་ཚོགས་བསྒྲུབ་པར་བརྩོན་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།