ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་ཡོ་རོབ་གླིང་རྒྱལ་ཁབ་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་གསུམ་ཉིན་བསྟན་དོན། དབྱི་ལིང་གིས་ཡོ་རོབ་གླིང་རྒྱལ་ཁབ་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུལན་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཟེར། 

བསྒྲགས་པ་ལྟར་ན། ལུའུ་ཧཱ་ནེ་ཡིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ལ་ཐུག་འཕྲད་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་ཀྱི་དམ་བཅའ་ལག་བསྟར་བྱེད་མ་ཐུབ་པ་དང་། གལ་ཏེ་ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་ནང་དབྱི་ལིང་གི་དཔལ་འབྱོར་ཁེ་ཕན་ཐད་རོགས་རམ་བྱེད་ཐུབ་ན། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་ཀྱི་དམ་བཅའ་ཡང་བསྐྱར་ལག་བསྟར་བྱེད་འདོད་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་ད་རུང་བཤད་རྒྱུར། པའོ་ལོས་ལེ་ཡིས་དབྱི་ལིང་དང་ཡོ་རོབ་གླིང་གི་འབྲེལ་བ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར། 

པའོ་ལོས་ལེ་ཚེས་གསུམ་ཉིན་ཏི་ཧེ་ལན་དུ་འབྱོར་བ་དང་། ཐེངས་འདིའི་དམིགས་ཡུལ་གཙོ་བོ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སོགས་གནད་དོན་ལ་གྲོས་བསྡུར་བྱེད་པའི་ཆེད་རེད། ཉིན་དེའི་སྔ་དྲོར་པའོ་ལོས་ལེ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།