ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ས་ཁུལ་མང་བོ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ་མི་བཅུ་ཕྲག་འགར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་དང་དབྱི་རག་དབུས་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོ་ནས་ཚེས་ཉེར་བརྒྱད་ཉིན་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར། 

དབྱི་རག་ནང་སྲིད་པུའུ་ཡི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། མི་བརྒྱ་ཕྲག་འགའ་ཉིན་དེར་པཱ་ཀ་ཏཱ་གྲོང་ཁྱེར་ནང་ཁུལ་གྱི་ཁཱ་ལཱ་ནེ་ཐང་ཆེན་དང་བཅིངས་འགྲོལ་ཐང་ཆེན་དུ་འདུས་ནས། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། རུལ་སུངས་མེད་པར་གཏོང་བ། སྤྱི་བའི་ཞབས་ཞུ་ལེགས་བཅོས་བྱེད་པ་བཅས་ཀྱི་རེ་བ་བཏོན། རྔམ་སྟོན་ཁྲོམ་སྐོར་མཁན་དང་འགས་གཏོར་འགོག་སྲུང་ཉེན་རྟོག་པའི་བར་འཁྲུག་རྩོད་རེ་འགའ་བྱུང་སྟེ་འཁྲུག་རྩོད་ལས་མི་བཅོ་ལྔར་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། དབྱི་རག་གི་པཱ་ཧྲི་ལཱ་ཞིང་ཆེན་དང་མུས་སིང་ཞིང་ཆེན། ཝ་ཞི་ཐི་ཞིང་ཆེན། ཁཱ་ཏིས་ཞི་ཡཱ་ཞིང་ཆེན། ཁཱ་ཨར་པཱ་ལཱ་ཞིང་ཆེན་སོགས་ས་ཁུལ་དུའང་ཚེས་ཉེར་བརྒྱད་ཉིན་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་སྲིད་ཏང་སོ་སོས་གང་མགྱོགས་སྒོས་ཕྱོགས་སོ་སོས་དང་ལེན་ཐུབ་པའི་ཙུང་ལི་གསར་བའི་འདེམ་སྒུག་མི་སྣའི་མིང་འདོན་དགོས་པའི་རེ་བ་བཏོན་པར་མ་ཟད། གྲོས་ཁང་གིས་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་བར་ཡིད་འཐད་འབྱུང་དགོས་པའི་རེ་བ་བཏོན། 

ཝ་ཞི་ཐི་ཞིང་ཆེན་འཕྲོད་བསྟེན་སྡེ་ཁག་གིས་བསྟན་དོན། ཞིང་ཆེན་དེའི་རྔམ་སྟོན་ཁྲོམ་སྐོར་མཁན་དང་བདེ་འཇགས་མི་སྣའི་བར་འཁྲུག་རྩོད་བྱུང་སྟེ། མི་ཉེར་གཉིས་ལ་རྨས་ཕོག་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།