ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་གྱི་གཙོ་འཛིན་གྱིས་དབུ་བཞུགས་བློན་ཆེན་གསར་བ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་གཙོ་འཛིན་ཐཱ་མུས་མུའུ་ཡིས་ཚེས་ཉེར་བརྒྱད་ཉིན་དབུ་བཞུགས་བློན་ཆེན་དང་ནང་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨ་པུའུ་ཏུའུ་ལཱའི་ལས་ཁུར་དགོངས་ཞུའི་རེ་འདོད་དང་ལེན་བྱས་པར་མ་ཟད། གཙོ་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧཱ་ལི་ཏི་དབུ་བཞུགས་བློན་ཆེན་གསར་བར་བསྐོ་འཇོག་བྱས། 

དབྱེ་ཞིབ་མི་སྣས་བལྟས་ན། ཧཱ་ལི་ཏི་དང་ཐཱ་མུས་མུའུ་བར་མཛའ་བརྩེའི་འབྲེལ་བ་ཟབ་ལ། དེ་ནི་ཧཱ་ལི་ཏི་མྱུར་དུ་དབུ་བཞུགས་བློན་ཆེན་དུ་བསྐོ་འཇོག་བྱས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་འདོད། 

ཨ་པུའུ་ཏུའུ་ལཱ་ཡིས་དུས་མཉམ་དུ་དབུ་བཞུགས་བློན་ཆེན་དང་ནང་སྲིད་བློན་ཆེན་གྱི་ལས་འགན་བསྐྱུར་བ་རེད། བསྒྲགས་པའི་གནས་ཚུལ་ལས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་རྐྱེན་གསལ་བོར་བསྒྲགས་མེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།