ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་ལྷོ་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་ནས་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་བྱུང་སྟེ། ཕྱོགས་གཉིས་ཀྱི་མི་བཅུ་རྐྱེན་ལམ་དུ་ཤོར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་མི་སྣ་བཅུ་ཕྲག་འགའ་ཡིས་ཉིན་དེར་ཏཱ་ལེ་ཨ་ཞིང་ཆེན་ནུབ་ཕྱོགས་ས་ཁུལ་དུ་བཅའ་སྡོད་བྱེད་པའི་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་པ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་། འཁྲུག་རྩོད་དེ་དུས་ཚོད་འགའི་རིང་རྒྱུན་བསྲིངས། སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་དཔུང་འཇུག་མཐར་སྐྲོད་བཏང་བར་མ་ཟད་ཧུའུ་སེ་དྲག་ཆས་མི་སྣ་དྲུག་བསད། སྲིད་གཞུང་དམག་ཕྱོགས་ཀྱི་དམག་མི་བཞི་རྐྱེན་ལམ་དུ་ཤོར་ཟེར། 

དུས་ཡུན་ངེས་ཅན་ཞིག་གི་ནང་། ཧུའུ་སེ་དྲག་ཆས་པས་ཏཱ་ལེ་ཨ་ཞིང་ཆེན་དུ་ནམ་རྒྱུན་སྲིད་གཞུང་དམག་དཔུང་ལ་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱེད་བཞིན་ཡོད། བསྒྲགས་པ་ལྟར་ན། ཏཱ་ལེ་ཨ་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་ཧུའུ་སེ་དྲག་ཆས་པས་བཙན་བཟུང་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།