ཀྲུང་གོ་བོད་ཀྱི་དྲ་བ།

ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཞི་བཅུ་ཡིས་ཨ་ཧྥུའུ་ཧན་སྲིད་གཞུང་ལ་མགོ་སྒུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཞི་བཅུ་ཡིས་ཚེས་ཉེར་གཅིག་ཉིན་ཨ་ཧྥུའུ་ཧན་སྲིད་གཞུང་ལ་མཚོན་ཆ་སྤྲད་དེ་མགོ་སྒུར། ད་ལོའི་ཚུན་ལ། ཨ་ཧྥུའུ་ཧན་རྒྱལ་ཡོངས་ནས་སྲིད་གཞུང་ལ་མགོ་སྒུར་བའི་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སུམ་བརྒྱ་དང་ལྔ་བཅུ་ལྷག་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ད་ལོའི་ཟླ་དང་པོའི་ཚུན་ལ། ཨ་ཧྥུའུ་ཧན་རྒྱལ་དམངས་དམག་དཔུང་གིས་བསྟུད་མར་ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཀུའུ་ཨར་ཞིང་ཆེན་གྱི་ཧྲ་ཧི་ལཱ་ཁི་ས་ཁུལ་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ། ཚེས་ཉེར་གཅིག་ཉིན། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཞི་བཅུ་ཡིས་ས་ཁུལ་དེ་ནས་རྒྱལ་དམངས་དམག་དཔུང་ལ་མགོ་སྒུར་བ་དང་མཚོན་ཆ་སྤྲད། འདས་པའི་གཟའ་འཁོར་འགའི་ནང་། བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱ་དང་ལྔ་བཅུ་ཡིས་ཧྲ་ཧི་ལཱ་ཁི་ས་ཁུལ་ནས་རྒྱལ་དམངས་དམག་དཔུང་ལ་མགོ་སྒུར་བ་རེད། 

ཀུའུ་ཨར་ཞིང་ཆེན་དེ་ཁཱ་པོར་བར་སྤྱི་ལེ་སུམ་བརྒྱ་ལྷག་ཡོད་པ་དང་། དུས་ཡུན་རིང་བོར་ཐཱ་ལེ་པན་གྱི་དྲག་ཆས་པས་ཀུའུ་ཨར་ཞིང་ཆེན་དུ་འགུལ་སྐྱོད་མང་དུ་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།