ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུའི་གཞི་གྲངས་སྒམ་ཆུང་ཝུའུ་ཁི་ལན་དུ་སྐྱེལ་རྒྱུ་ཡིན་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས18ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་བསྟན་དོན། ཟླ་འདིའི་ཚེས་བརྒྱད་ཉིན་དབྱི་ལིང་གི་མངའ་ཁོངས་སུ་སར་ལྷུང་བའི་ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུའི་གཞི་གྲངས་སྒམ་ཆུང་ཝུའུ་ཁི་ལན་དུ་བསྐྱལ་ནས་དབྱེ་ཞིབ་བྱེད་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། དབྱི་ལིང་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་དོན་རྐྱེན་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧཱ་སིང་གིས་བསྟན་དོན། དབྱི་ལིང་གིས་མིག་སྔར་སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུའི་གཞི་གྲངས་སྒམ་ཆུང་གི་ནང་དོན་བཀླག་ཐབས་མེད་པ་དང་། ཝུའུ་ཁི་ལན་གྱིས་རེ་བ་བཏོན་པ་ལྟར། གཞི་གྲངས་སྒམ་ཆུང་དེ་ཝུའུ་ཁི་ལན་དུ་སྐྱེལ་རྒྱུ་ཡིན་ཟེར། 

ཧཱ་སིང་གིས་བཤད་རྒྱུར། གལ་ཏེ་ཝུའུ་ཁི་ལན་ཕྱོགས་ཀྱི་གཞི་གྲངས་སྒམ་ཆུང་དེ་བཀླག་ཐབས་མེད་ན། གཞི་གྲངས་སྒམ་ཆུང་དེ་ཧྥ་རན་སིར་བསྐྱལ་ནས་དབྱེ་ཞིབ་བྱེད་དུ་འཇུག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།