ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཡི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཉེ་སྔོན་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་འཕེལ་རྒྱས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། 

ཨེ་ཨར་ཏའོ་ཨན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེ་ཡིས་འདུམ་འགྲིག་གང་ལེགས་བྱེད་བཞིན་ཡོད་ལ། དབྱེ་ཏི་ལེ་པུའུ་རུ་འཁྲུག་རྩོད་མཚམས་འཇོག་པར་རེ་བས་ཁེངས་ཡོད་ཀྱང་། འཁྲུག་རྩོད་སྔར་བཞིན་དུས་ངེས་མེད་དུ་འབྱུང་བཞིན་ཡོད་པ་དང་། དེ་ལས་ཕྱོགས་སོ་སོའི་འཁྲུག་རྩོད་མཚམས་འཇོག་པའི་ཐད་ཀྱི་བྱ་བར་གཏོར་བརླག་བྱས་ཡོད་ཟེར། ཁོས་སི་རི་ཡཱའི་སྲིད་གཞུང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་མ་བྱས་པར་སྐྱོན་བརྗོད་བྱས། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་མི་གསུམ་དབྱེ་ཏི་ལེ་པུའུ་ནས་བདེ་འཇགས་ཞིབ་བཤེར་བྱེད་སྐབས་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར། 

དོན་དེའི་ཐད་ནས་ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཡིས་དོན་དེར་དོ་སྣང་མི་བྱེད་པ་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།