ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་སྐྱོབ་པའི་འཛུགས་སྐྲུན་རང་བཞིན་གྱི་བྱེད་ཐབས་གང་ཡིན་ཡང་དགའ་བསུ་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སྐྱོབ་པའི་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱེད་ཐབས་གང་ཡིན་ལ་དགའ་བསུ་བྱེད་བཞིན་ཡོད་ཟེར། 

མུའུ་སཱ་ཝེ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་ལིང་གིས་དུས་ངེས་མེད་དུ་དགེ་སེམས་ལྡན་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱེད་ཐབས་གང་རུང་དང་ལེན་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སྐྱོབ་པར་གྲ་སྒྲིག་བྱས་ཡོད་ཟེར། ཁོས་ད་རུང་བསྟན་དོན། གྲོས་མཐུན་བཀོད་པའི་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་ལ་ཆིངས་ཡིག་དང་འགལ་བའམ་དམིགས་ཡུལ་མི་དག་པ་བཟུང་ནས་འཛུགས་སྐྲུན་རང་བཞིན་མི་ལྡན་པའི་བྱེད་ཐབས་སྤྱད་ན། དབྱི་ལིང་གིས་ཐག་གཅོད་ནན་མོ་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།