ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སུའུ་ཏན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་རྒྱལ་སྲིད་བློན་ཆེན་ཅཱ་ཨར་ཅཱ་ཧྲི་ཡིས་ཚེས་བཅུ་གསུམ་ཉིན་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་སུའུ་ཏན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ཅཱ་ཨར་ཅཱ་ཧྲི་ཡིས་ཉིན་དེར་སུའུ་ཏན་བར་བརྒལ་སྲིད་གཞུང་གི་དཔོན་རིགས་དང་མཉམ་དུ་སྤེལ་བའི་གྲོས་ཚོགས་རབ་དང་རིམ་པའི་སྟེང་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་སོ་ཏི་ཨ་རབ་ཀྱིས་རྒྱབ་སྐྱོར་བྱེད་པའི་སུའུ་ཏན་གྱི་འཆར་གཞིའི་ཁྱབ་ཁོངས་སུ་སུའུ་ཏན་གྱི་འཕེལ་རྒྱས་ལས་གཞིར་མུ་མཐུད་དུ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། སུའུ་ཏན་ལ་རོགས་རམ་བྱས་ཏེ་རྒྱལ་ཁ་ལེན་པར་འབད་འབུངས་བྱས་ཏེ་སུའུ་ཏན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ས་ཁུལ་གྱི་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར། 

སུའུ་ཏན་གྱི་ནོར་སྲིད་དང་དཔལ་འབྱོར་འཆར་འགོད་པུའུ་ཀྲང་པཱ་ཏཱ་ཝེ་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མུ་མཐུད་དུ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། སུའུ་ཏན་གྱིས་དཔལ་འབྱོར་དང་ཁྱབ་ཁོངས་གཞན་པ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་མཉམ་ལས་རྒྱ་ཆེར་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་པའི་རེ་སྒུག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།