ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་ནུབ་ཕྱོགས་ཀྱི་དམག་སྒར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་དམག་མི་གྱ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲིར་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཚེས་དགུ་ཉིན་ནེ་ཀྲིར་ནུབ་ཕྱོགས་ཀྱི་དམག་སྒར་ཞིག་ལ་འཇབ་རྒོལ་ཐེབས་པ་ལས་ཉུང་མཐར་ཡང་དམག་མི་གྱ་དགུ་རྐྱེན་ལམ་དུ་ཤོར། 

ནེ་ཀྲིར་སྲིད་གཞུང་གི་མགྲིན་ཚབ་པ་ཀྲ་ཁཱ་ལི་ཡཱ་ཡིས་ཚེས་བཅུ་གཉིས་ཉིན་ནེ་ཀྲིར་དམག་དཔུང་གིས་རྗེས་མཐུད་གཙང་ཕྱགས་འགུལ་སྐྱོད་ཡོངས་འགྲུབ་བྱས་རྗེས་གསལ་སྒྲོག་སྤེལ་ཏེ། ཚེས་དགུ་ཉིན་གྱི་འཇབ་རྒོལ་ལས་ཉུང་མཐར་ཡང་ནེ་ཀྲིར་གྱི་དམག་མི་གྱ་དགུ་རྐྱེན་ལམ་དུ་ཤོར་བ་དང་། དྲག་ཆས་ཉེས་ཅན་དོན་བདུན་རྐྱེན་ལམ་དུ་ཤོར་ཡོད་ཟེར། ནེ་ཀྲིར་གྱིས་ཚེས་བཅུ་གསུམ་ཉིན་ནས་བཟུང་དུས་ཡུན་ཉིན་གསུམ་གྱི་རྒྱལ་ཡོངས་ཀྱི་མྱ་ངན་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། 

ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་རླངས་འཁོར་བསྐོར་ནས་ནེ་ཀྲིར་དང་མཱ་ལིའི་མཐའ་མཚམས་ས་ཁུལ་གྱི་ཞི་ནཱ་ཀི་ཏཱ་སྡེ་བའི་དམག་སྒར་ལ་འཇབ་རྒོལ་བྱས་ཏེ། བཅའ་སྡོད་དམག་སྒར་གྱི་དམག་མིའི་བར་འཁྲུག་རྩོད་བྱས། ནེ་ཀྲིར་གྱི་དམག་མིས་ནེ་ཀྲིར་དང་རྒྱལ་ཁབ་མང་བོའི་མཁའ་དམག་གི་རྒྱབ་སྐྱོར་འོག་འཇབ་རྒོལ་མཁན་མཐར་སྐྲོད་བཏང་། ནེ་ཀྲིར་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཅཱ་ཙོ་པུས་ཀྱིས་ཚེས་དགུའི་ཉིན་བསྟན་དོན། འཇབ་རྒོལ་ལས་བསྡོམས་པས་དམག་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། དམག་མི་དྲུག་ལ་རྨས་ཕོག དྲག་ཆས་ཉེས་ཅན་ཕྱོགས་ཀྱི་མི་རེ་གསུམ་རྐྱེན་ལམ་དུ་ཤོར། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་ལ་འབྲེལ་བ་ཡོད་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།