ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ལེ་མན་ནེའི་དུར་མཆོད་མཛད་སྒོ་དབྱི་ལིང་གི་རྒྱལ་ས་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ལས་རྐྱེན་ལམ་དུ་ཤོར་བའི་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་སུའུ་ལའེ་མན་ནེ་ཡི་དུར་མཆོད་མཛད་སྒོ་ཚེས་དྲུག་ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་སྤེལ། 

བསྒྲགས་པ་ལྟར་ན། དབྱི་ལིང་གི་མང་ཚོགས་འབུམ་ཕྲག་འགའ་ཏི་ཧེ་ལན་གྱི་སྲང་ལམ་དུ་སོང་ནས་སུའུ་ལའེ་མན་ནེ་ལ་སྐྱེལ་མ་བྱས། མི་རྣམས་ཀྱིས་ལུས་ལ་གོས་ནག་པོ་གྱོན་པ་དང་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་ཁ་གཡང་མཐོན་པོར་བསྒྲགས་ཏེ། ཨ་མེ་རི་ཁའི་དམག་དཔུང་མྱུར་དུ་དབུས་ཤར་ས་ཁུལ་དང་འབྲལ་དགོས་པའི་རེ་བ་བཏོན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་དང་ཙུང་ཐུང་ལུའུ་ཧཱ་ནེ་སོགས་དུར་མཆོད་མཛད་སྒོར་ཞུགས། སུའུ་ལའེ་མན་ནེ་ཚེས་བདུན་ཉིན་ཁོའི་ཕ་ཡུལ་ཏེ་དབྱི་ལིང་ཤར་ལྷོའི་ཕྱོགས་སུ་ཡོད་པའི་ཁི་ཨར་མན་དུ་དུར་འཇུག་བྱེད་རྒྱུ་རེད། 

ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་གསར་བ་ཁཱ་ནེ་ཡིས་བསྟན་དོན། སུའུ་ལའེ་མན་ནེ་ཡི་བྱ་གཞག་གི་རྒྱུན་བསྐྱངས་ནས། ས་ཁུལ་དེའི་ཨ་མེ་རི་ཁའི་སྟོབས་ཤུགས་གཙང་སེལ་བྱེད་རྒྱུ་ཡིན་ཟེར། 

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཨ་མེ་རི་ཁའི་ཨེ་ཤ་ཡཱའི་ནུབ་མའི་དམག་དོན་བཀོད་སྒྲིག་མཇུག་སྒྲིལ་མགོ་བརྩམས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།