ཀྲུང་གོ་བོད་ཀྱི་དྲ་བ།

ཁམ་ཕུ་ཀྲེ་ནས་ཐོག་ཁང་ཞིག་རྡིབས་ནས་མི་སོ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁམ་ཕུ་ཀྲེ་པེ་མཱ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ལོ་ཝུའུ་ཏུང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་གསར་འགོད་པར་བཤད་རྒྱུར། པེ་མཱ་གྲོང་ཁྱེར་ནས་ཚེས་གསུམ་ཉིན་ཐོག་ཁང་རྡིབས་སྐྱོན་ཤོར་བའི་དོན་རྐྱེན་ལས་མི་སོ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉེར་གསུམ་ལ་རྨས་ཕོག་ཡོད་ཟེར། 

ལོ་ཝུའུ་ཏུང་གིས་བཤད་རྒྱུར། ཐོག་ཁང་རྡིབས་སྐྱོན་ཤོར་བའི་དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའི་མི་ཚང་མ་ཁམ་ཕུ་ཀྲེའི་བཟོ་བ་དང་དེའི་ཁྱིམ་མི་ཡིན་ལ། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

དོན་རྐྱེན་བྱུང་རྗེས་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་ཡུལ་དངོས་སུ་སོང་ནས་རྒུད་སྐྱོབ་ལ་བཀོད་འདོམ་བྱས་པ་དང་། འདས་པོར་མྱ་ངན་ཞུས། 

རྒྱུས་ལོན་བྱུང་བ་ལྟར་ན། རྡིབས་སྐྱོན་ཤོར་བའི་ཁང་བ་དེ་ནི་ཡོངས་སུ་འགྲུབ་མེད་པའི་ཐོག་ཁང་ཞིག་ཡིན་ཡང་ཁྱིམ་ཚང་མང་བོ་དེའི་ནང་བསྡད་ཡོད་པ་རེད། ཐོག་ཁང་དེའི་བདག་པོ་ནི་ཁམ་ཕུ་ཀྲེའི་སྤྱི་དམངས་ཡིན་པ་དང་མིག་སྔར་འཛིན་བཟུང་བྱས་ཡོད་ལ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།