ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་ཐི་ལིང་ཕུའུ་ལ་ཧྥ་རན་སི་ཡིས་དབྱི་རག་དང་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་བར་སེམས་ཁུར་བྱེད་བཞིན་ཡོད་པའི་ཚུལ་བསྟན། མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་ཡིས་ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་སོ་སོའི་བར་མཉམ་དུ་འབད་བརྩོན་བྱས་ཏེ། དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་འདོད་ཡོད་ཟེར། 

མཱ་ཁི་ལུང་གིས་བཤད་རྒྱུར། རྒྱལ་སྤྱིའི་མནའ་འབྲེལ་དབྱི་རག་གི་བདག་དབང་ལ་བརྩི་འཇོག་གང་ལེགས་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དེ་ལས་འགན་གཙོ་བོར་བྱས་ཏེ། དབྱི་རག་གི་བདེ་འཇགས་དང་ས་ཁུལ་གྱི་གཏན་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།